ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4300ཡོད་པའི་ལྷོ་ཁའི་ཐག་རིང་གྲོང་ཚོར་ཐུན་མོང་མ་ཡིན་པའི་གཟེངས་བསྟོད་ཚོགས་འདུ་ཞིག་འཚོགས་པ།

2021-01-23 09:53:00     责编:sangjzm

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས20ཉིན་གྱི་སྔ་དྲོར། མཚམས་མཆད་པའི་གླུ་སྐད་དང་དགོད་སྒྲ། དེ་མིན་ཐལ་མོའི་རྡེབ་སྒྲ་བཅས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ནས་མཆེད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི4300ཟིན་པའི་གྲོང་ཚོ་ཡོངས་སུ་ཁྱབ།

ས་བབ་མཐོ་ཚད་སྨི4300ཟིན་པའི་ཐག་རིང་གྲོང་ཚོ།

གཟེངས་བསྟོད་བྱེད་སྒོ་སྤེལ་ཡུལ་དུ་ཐག་རིང་གྲོང་ཚོའི་སྐབས་དང་པོའི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་འཇོན་ཐང་ཅན་ལ་གཟེངས་བསྟོད་བྱེད་པའི་སྦྱར་ཡིག་དམར་པོ་བཀལ་ཡོད། བློ་བཟང་དཔལ་སྒྲོན་དང་། ཉི་མ། སྐལ་བཟང་དོན་གྲུབ། སངས་རྒྱས་དཔལ་གྲུབ་བཅས་མི་བཞིས་ལུས་སྟེང་དུ“2020ལོའི་ལོ་འཁོར་གྱི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་འཇོན་ཐང་ཅན་གྱི་གཟེངས་བསྟོད”ཞེས་པའི་བསྟོད་ཡིག་སྒྲོན་ནས་བྱ་དགའ་ལེན་བཞིན་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིས་ཁོ་ཚོ་མི་བཞི་པོར་ཁ་བཏགས་འཐེན་ནས་གཟེངས་བསྟོད་བྱ་དགའི་རྟགས་མ་སྤྲད་ཅིང་། མི་རེར་སྒོར500ཡི་བྱ་དགའི་དངུལ་སྤྲོད་སྐབས། ཡུལ་དངོས་ཀྱི་རྣམ་པ་སྔར་ལས་འཁྲུག་ཆ་དོད་པོར་ཕྱིན།

གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིས་ཕྱུག་འགྱུར་འཇོན་ཐང་ཅན་ལ་བྱ་དགའ་སྤྲོད་པ།

སྟེགས་བུའི་གཤམ་གྱི་གྲོང་མི་ཚོས་སྐད་གསེང་མཐོན་པོས་བསྟོད་བསྔགས་དང་དགའ་བསུ་བྱས་ཤིང་། མིག་མདངས་སུ་ཡིད་སྨོན་གྱི་རྣམ་པས་ཁེངས་ཡོད། ཕྱུག་འགྱུར་འཇོན་ཐང་ཅན་ཚོའི་ཚོད་ལྟ་བྱེད་ཕོད་པ་དང་ལས་ལ་བརྩོན་པའི་ཕྱུག་འགྱུར་གྱི་བྱས་རྗེས་དག་གྲོང་མི་ཚོའི་ལབ་གླེང་གི་ཁྲོད་ནས་རིམ་བཞིན་ཁ་ཇེ་གསལ་དུ་གྱུར།

བློ་བཟང་དཔལ་སྒྲོན་གྱིས་ལས་ཀའི་ཡུལ་དངོས་སུ་ཞིབ་དཔྱད་ཚད་ཐིག་ལེན་པ།

འགན་གཙང་ལེན་བྱས་ནས་ཕྱུག་པོར་ཆགས་པའི་བློ་བཟང་དཔལ་སྒྲོན་དང་སྐལ་བཟང་དོན་གྲུབ་གཉིས་ལས་ཐག་རིང་གྲོང་ཚོའི་ཚོ་ཆུང་དང་པོར་སྡོད་པའི་བློ་བཟང་དཔལ་སྒྲོན་ནི2010ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་། ལྷུན་གྲུབ་རྫོང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རི་གནས་སྤོའི་ས་ཚིགས་སོགས་ནས་ལས་གྲྭ་འགན་གཙང་ལེན་བྱས་པ་དང་། ཡིད་རྟོན་བཟང་ཞིང་དོ་དམ་ཡང་ཡག་པོ་ཡོད་སྟབས་ལས་ཀ་མང་པོ་རག་པ་རེད། 2020ལོར་ཁོ་མོས་གྲོང་ཚོ་དེ་གའི་ལས་མི23ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཤིང་། གླ་ཕོགས་ཡོང་འབབ་སྒོར་ཁྲི310ལྷག་ཙམ་བྱུང་ཡོད།

ཚོ་ཆུང་གསུམ་པའི་གྲོང་མི་སྐལ་བཟང་དོན་གྲུབ་ཀྱིས2019ལོ་ནས་བཟུང་གྲོང་མིར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དང་། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་། དེ་མིན་ལྷ་ས་སོགས་སུ་རྣམ་གྲངས་འགན་གཙང་ལེན་བྱེད་པའི་སྣེ་ཁྲིད་བྱས་པ་རེད། 2020ལོ་ཁོ་ནར་གྲོང་ཚོ་དེ་གའི་གྲོང་མི12ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ལ། ཉིན་རེའི་མི་རེའི་ཆ་སྙོམས་གླ་ཕོགས་སྒོར250ཡན་ཟིན་པ་དང་། ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི60བྱུང་ཡོད།

ཉི་མས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ནས་དངོས་ཟོག་མར་ལེན་བཞིན་པ།

དངོས་ཟོག་སྐྱེལ་འདྲེན་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཉི་མ། ཐག་རིང་གྲོང་ཚོའི་ཚོ་ཆུང་གཉིས་པའི་གྲོང་མི་ཉི་མས་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “དམག་དཔུང་ནས་ཐོན་རུང་རང་མདངས་མི་འགྱུར་བའི”དམག་མིའི་རང་བཞིན་ངོ་མའི་ཐོག་ནས1998ལོ་ནས་བཟུང་གྲོང་ཚོ་དེ་གའི་གྲོང་མིར་ཉིང་ཁྲི་ནས་ལྷ་ས་དང་རྩེད་ཐང་བར་ཤིང་ཆ་སྐྱེལ་འདྲེན་བྱ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ད་ལྟ་རླངས་འཁོར་12ཡོད་པའི་སྐྱེལ་འདྲེན་ཚོགས་པ་ཞིག་གྲུབ་ཅིང་། དེའི་ནང་གྲོང་ཚོ་དེ་གའི་རླངས་འཁོར9ཡོད། 2020ལོ་ཁོ་ནར་སྐྱེལ་འདྲེན་ཚོགས་པས་ཡོང་འབབ་སྒོར་ཁྲི120བླངས་ཡོད་པ་རེད།

སངས་རྒྱས་དཔལ་གྲུབ།

ངལ་རྩོལ་ལ་བརྟེན་ནས་ཕྱུག་པོར་གྱུར་བའི་སངས་རྒྱས་དཔལ་གྲུབ། ཁོ་ནི་སྔོན་ཆད་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་པའི་སྤྱིར་བཏང་གི་དབུལ་བོའི་ཁྱིམ་ཚང་ཞིག་ཡིན། དབུལ་ཕོངས་ཀྱི་ཞྭ་མོ་སྔ་ཙམ་ཕུད་ཆེད། 2019ལོ་ནས་བཟུང་ཁོང་གིས་སྔ་རྗེས་སུ་སྒོར་ཁྲི5ཡི་དངུལ་བུན་བླངས་ནས་འདྲུད་འཐེན་འཁོར་ལོ་ཉོས་ཏེ་ལས་ཡུལ་དུ་སོང་ནས་སྐྱེལ་འདྲེན་བྱས་པ་དང་། བྱུགས་བཟོའི་ལས་མི་དང་འདམ་བྱུགས་ལས་མིའི་སྦྱོང་བརྡར་འཛིན་གྲྭར་ཞུགས་ཤིང་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཚོལ་ཐབས་བྱས། ལྷ་ས་དང་རྩེད་ཐང་གི་ལས་ཡུལ་དུ་མི་ལས་འགན་གཙང་ལེན་བྱས་པ་སྟེ། དཀའ་སྤྱད་འབད་བརྩོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ད་ལྟ་སངས་རྒྱས་དཔལ་གྲུབ་ཀྱི་ཉིན་རེའི་གླ་ཆ་དམའ་ཤོས་ནི་སྒོར300ཡིན་པ་དང་། 2020ལོར་གྲོང་ཚོ་དེ་གའི་མི12ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི48ལྷག་ཙམ་བཏོད་ཡོད། ཁོང་གི་བུ་མོ་ཆེ་བ་མིག་དམར་སྒྲོལ་མས2018ལོར་ཧུའུ་པེ་རྩིས་ཚན་བཟོ་སྐྲུན་སློབ་གླིང་གི་རྒྱའི་སྐད་ཡིག་ཆེད་ལས་ལ་རྒྱུགས་འཕྲོད་ཅིང་། བུ་མོ་ཆུང་བ་ལྷག་པ་ཆོས་སྒྲོན་གྱིས་ལྷོ་ཁའི་ཆ་ཚང་སློབ་འབྲིང་དུ་རྒྱུགས་འཕྲོད་ཡོད། དེ་ལྟར་སྔོན་ཆད་དཀའ་ངལ་ཡོད་པའི་དུད་ཚང་དེ་ལམ་སེང་འབྱོར་འབྲིང་དུད་ཚང་དུ་གྱུར་པ་རེད།

ཕྱུག་འགྱུར་འཇོན་མི་ཚོས་གྲོང་ཚོའི་རྒན་རྒོན་རྣམས་ལ་འཚམས་འདྲིའི་དངོས་པོ་སྤྲོད་པ།

གཟེངས་བསྟོད་ཚོགས་འདུའི་སྟེང་ཐག་རིང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་མིག་དམར་བཀྲ་ཤིས་ཀྱིས་བརྗོད་དོན།“ད་ཐེངས་ཆེད་དུ་ཏང་འཛུགས་སྐྱོང་གི་འགྲོ་གྲོན་ཁྲོད་ནས་སྒོར་2000བཏོན་ཏེ་ཕྱུག་འགྱུར་འཇོན་ཐང་ཅན་མི4ལ་གཟེངས་བསྟོད་བྱས་པ་འདི་ནི་འཇོན་ཐང་ཅན་སྔར་ལས་མང་པོ་ཞིག་ཐོན་ནས་ཚང་མའི་སྣེ་ཁྲིད་དེ་ཐུན་མོང་ཐོག དབུལ་བྲལ་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ལྕག་སྐུལ་བྱ་ཆེད་ཡིན”ཞེས་བཤད་ཅིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གོམ་སྟབས་རྗེས་མར་ད་ཐེངས་ཀྱི་ཕྱུག་འགྱུར་གཟེངས་བསྟོད་ཚོགས་འདུ་འདི་སྒུལ་ཤུགས་སུ་བརྟེན་ནས། ཕྱུག་འགྱུར་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་དང་ཤུགས་རྐྱེན་བཟོས་ནས་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བརྒྱུད་སྤེལ་དང་། རོགས་རམ། སྣེ་ཁྲིད། སློབ་ཁྲིད་སོགས་ཀྱི་བྱ་ཐབས་ཀྱི་ལམ་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

འཚམས་འདྲིའི་དངོས་པོ་ཐོབ་པའི་ཐག་རིང་གྲོང་ཚོའི་རྒན་རྒོན་རྣམ་པ།

སྔོན་ལ་ཕྱུག་པོར་གྱུར་པའི་མི་རྣམས་ཀྱིས་གཅིག་སྡུད་ཐོག་གྲོང་ཚོའི་ནང་གི་རྒན་རྒོན10ལ་འཚམས་འདྲི་བྱས་པ་དང་། མལ་ཆས10དང་བོད་ལུགས་གསོ་རིག་གི་སྨན་དཀྲིས་ཆ་ཚང10སོགས་རིན་ཐང་སྒོར3000ཙམ་ཟིན་པའི་འཚམས་འདྲིའི་དངོས་པོ་སྤྲད་པས། གྲོང་མི་ཚོའི་བསྔགས་བརྗོད་ཐོབ་པ་རེད།

ཕྱུག་འགྱུར་འཇོན་མིས་རྒན་རྒོན་རྣམས་ལ་བོད་ལུགས་གསོ་རིག་གི་སྨན་དཀྲིས་བེད་སྤྱོད་བྱེད་སྟངས་སློབ་བཞིན་པ།

ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར། དཀའ་སྤྱད་འབད་འཐབ་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་པའི་མི་རྣམས་ཀྱིས་ལས་ཀ་ཇི་ཙམ་ལས་ན་གྲུབ་འབྲས་དེ་ཙམ་ཐོན་པ་དང་། འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འགྱུར་བཞིན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4300ཡོད་པའི་ལྷོ་ཁའི་ཐག་རིང་གྲོང་ཚོར་ཐུན་མོང་མ་ཡིན་པའི་གཟེངས་བསྟོད་ཚོགས་འདུ་ཞིག་འཚོགས་པ།

གཟེངས་བསྟོད་བྱེད་སྒོ་སྤེལ་ཡུལ་དུ་ཐག་རིང་གྲོང་ཚོའི་སྐབས་དང་པོའི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་འཇོན་ཐང་ཅན་ལ་གཟེངས་བསྟོད་བྱེད་པའི་སྦྱར་ཡིག་དམར་པོ་བཀལ་ཡོད། བློ་བཟང་དཔལ་སྒྲོན་དང་། ཉི་མ། སྐལ་བཟང་དོན་གྲུབ། སངས་རྒྱས་དཔལ་གྲུབ་བཅས་མི་བཞིས་ལུས་སྟེང་དུ“2020ལོའི་ལོ་འཁོར་གྱི་ཞིང་འབྲོག་པའི་འབ