ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་སྐོར་གྱི་བརྡ་ཁྱབ་གལ་ཆེན།

2021-01-23 09:24:00     责编:sangjzm

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཁྱབ།

ཉེ་དུས་སུ་ནད་ཡམས་སྔོན་འགོག་ཚོད་འཛིན་དང་ལྷག་པར་དུ་ཕྱི་ནད་ནང་དུ་མི་མཆེད་པ་བྱ་རྒྱུའི་ལས་ཀ་ཡག་པོ་བསྒྲུབ་ཆེད། ད་ལྟ་འབྲེལ་ཡོད་གནད་དོན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

དང་པོ། དེ་རིང་ནས་བཟུང་། ལྗོངས་ཕྱིའི་ཉེན་ཁ་ཆུང་བའི་ས་ཆ་ནས་ལྷ་སར་ཡོང་(ལོག)མཁན་ཚང་མར་དུས་ཡུན་ཉིན་བདུན་ནང་ཚུན་དུ་ཉིང་སྐྱུར་བརྟག་དཔྱད་བྱས་པ་སྲིབ་གཤིས་ཡིན་པའི་དཔང་ཡིག་ཡོད་དགོས། དུས་ཡུན་ཉིན་བདུན་ནང་ཚུན་དུ་ཉིང་སྐྱུར་བརྟག་དཔྱད་བྱས་པ་སྲིབ་གཤིས་ཡིན་པའི་དཔང་ཡིག་མེད་མཁན་རྣམས་ཀྱིས་ངེས་པར་དུ་རང་འགུལ་ངང་སྡེ་ཁུལ་དུ་འབྱོར་ཐོ་འགོད་དགོས་པ་མ་ཟད། ལམ་སེང་ཉིང་སྐྱུར་བརྟག་དཔྱད་དང་ལེན་བྱེད་དགོས་ལ་ས་ཁོངས་སོ་སོའི་ནད་ཡམས་སྔོན་འགོག་གི་འབྲེལ་ཡོད་བྱ་ཐབས་སྤྱོད་པར་གཞོགས་འདེགས་བྱེད་དགོས།

གཉིས་པ། ཉེན་ཁ་ཆེ་བའམ་འབྲིང་བའི་ས་ཆ་ནས་ལྷ་སར་ཡོང་(ལོག)མཁན་རྣམས་ལ་དུས་ཡུན་ཉིན་གསུམ་ནང་ཚུན་དུ་ཉིང་སྐྱུར་བརྟག་དཔྱད་བྱས་པ་སྲིབ་གཤིས་ཡིན་པའི་སྙན་ཞུ་ཡོད་དགོས་པ་མ་ཟད། རིགས་ཐེངས་གཉིས་པ་ཕྱེ་ནས་ཆ་འཕྲིན་ཐོ་འགོད་གང་ལེགས་བྱས་རྗེས་གལ་ཏེ་ཉེན་ཁ་ཆེ་བའམ་ཡང་ན་འབྲིང་བའི་ས་ཆ་ནས་ལྷ་སར་ཡོང་(ལོག)མཁན་རྣམས་ལ་ཉེན་ཁ་ཆེ་བའམ་འབྲིང་བའི་ཞབས་ཞུ་དང་དོ་དམ་གྱི་བྱ་ཐབས་གཞིར་བཟུང་དོ་དམ་བྱ་རྒྱུ།

གསུམ་པ། ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཀར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་ཐོག འགོ་ཁྲིད་གཙོ་བོས་ངོ་ཞུགས་འབད་སྒྲུབ་གནང་ཡོད་ལ་ང་ཚོས་ཀྱང་རང་ནུས་གང་ཡོད་ཀྱིས་གནས་མཆོག་ལྷ་སའི་བདེ་འཇགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། གྲོང་མི་མཆེད་གྲོགས་ཚང་མས་གཞོགས་འདེགས་དང་རྒྱབ་སྐྱོར་གང་ཐུབ་ཅི་ཐུབ་གནང་བ་ནི་ང་ཚོའི་ལས་ཀའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས་ཁྱེད་རྣམ་པས་ང་ཚོའི་ལས་ཀར་མུ་མཐུད་རྒྱབ་སྐྱོར་དང་གཞོགས་འདེགས་གནང་རོགས་ཞུ་རྒྱུ་ཡིན། ཉེ་དུས། རྒྱ་ཆེའི་གྲོང་མི་མཆེད་གྲོགས་ལྷན་རྒྱས་ཡག་ཤོས་བྱུང་ན་ནད་ཡམས་ཐོན་ཁུལ་དུ་མ་འགྲོ་རོགས་ཞུ་རྒྱུ་མ་ཟད། དེ་དང་ཆབས་ཅིག་རང་སོ་སོའི་འགོག་སྲུང་གང་ལེགས་བྱས་ནས་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་བཀྲུ་བ། རྒྱུན་དུ་རླུང་འགྲོ་ཡག་པོ་ཡོང་བ། འདུ་འཛོམས་ཉུང་ཙམ་བྱེད་པ། འཛོམས་སྟོན་མི་བཤམས་པ་བཅས་བྱེད་དགོས། གལ་ཏེ་ཚ་དྲོད་རྒྱས་པ་དང་གློ་རྒྱག་པ་སོགས་ལུས་པོ་མི་བདེ་བའི་གནས་ཚུལ་ཡོད་ན་ལམ་སེང་གནས་གཏན་འཁེལ་བྱས་པའི་སྨན་ཁང་དུ་བསྐྱོད་ནས་སྨན་པ་བསྟེན་དགོས།

བཞི་པ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚང་མ་དང་། ཚོང་པ། ལས་མི་བཅས་འཁོར་ཞག་རིང་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ངལ་གསོའི་རིང་ཡག་ཤོས་བྱུང་ན་ལས་ཀ་བྱེད་ཡུལ་དུ་བསྡད་ནས་ཕྱི་ལ་འགྲུལ་བཞུད་གང་ཉུང་བྱེད་པ་དང་། འདུ་འཛོམས་གང་ཉུང་ཙམ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཉེན་ཁ་ཆེ་བའམ་འབྲིང་བའི་ས་ཆར་དེ་བས་མ་འགྲོ་རོགས། གལ་ཏེ་གནས་ཚུལ་དམིགས་བསལ་གྱི་རྐྱེན་པས་ཉེན་ཁ་ཆེ་བའམ་འབྲིང་བའི་ས་ཆར་འགྲོ་དགོས་མཁན་ཡོད་ཚེ། ཚུར་ལོག་རྗེས་ལམ་སེང་རང་འགུལ་ཐོག་སྡེ་ཁུལ་དང་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་མ་ཟད། འབྲེལ་ཡོད་བླང་བྱ་གཞིར་བཟུང་། སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱེད་དགོས། ལྷ་ས་ནས་ཕྱི་ལ་འགྲོ་མི་ཚང་མས་ཡུལ་སོ་སོའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱེད་དགོས་པ་དང་ཆབས་ཅིག་རང་ངོས་ཀྱི་འགོག་སྲུང་གང་ལེགས་བྱས་ཐོག འདུ་འཛོམས་མི་བྱེད་པ་དང་འཛོམས་སྟོན་ལ་མ་འགྲོ་རོགས། ད་དུང་ལྷ་སར་མ་ལོག་གོང་རང་གནས་ས་དེ་གར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་མ་ཟད། སྙན་ཞུ་འཁྱེར་ནས་ཡོང་དགོས།

ལྔ་པ། དུས་ཚོད་དམིགས་བསལ་རིང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་ཐོག རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་ཚོགས། འགྲེམས་སྟོན་འགྲེམས་འཚོང་། ཀུང་སིའི་ལོ་འཁོར་འདུ་ཚོགས། ལྷན་འཛོམས་ཀྱིས་ལོ་གསར་ལ་རྟེན་འབྲེལ་ཞུ་བ་སོགས་སྤེལ་དགོས་ངེས་མིན་པའི་བྱེད་སྒོའི་རིགས་ཚང་མ་མེད་པ་བཟོ་དགོས།

དེ་དོན་བརྡ་ཁྱབ་འདི་དམིགས་སུ་བཏང་བ་ཡིན།

ལྷ་ས་གྲོང་ཁྱེར་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

སྤྱི་ལོ་༢༠༢༡ལོའི་ཟླ་༡པོའི་ཚེས་༡༢ཉིན།

ཡོང་ཁུངས། བོད་ལྗོངས་ཁྱབ་བསྒྲགས།
ཞུ་དག ལྷག་པ།
སྒྲིག་སྒྱུར། བསྟན་དབང་།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་སྐོར་གྱི་བརྡ་ཁྱབ་གལ་ཆེན།

ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཁྱབ།