ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱིས་མཁའ་ལམ་ཉི་ཤུ་གསར་དུ་སྣོན་རྒྱུ་ཡིན།

2021-01-22 15:27:00     责编:sangjzm

ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཡོངས་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་2021ལོར་བོད་ལྗོངས་ཀྱིས་མཁའ་ལམ་20གསར་དུ་སྣོན་རྒྱུ་དང་། ལྗོངས་ནང་ཁུལ་གྱི་མཁའ་ལམ་གྱི་སྤ་སེའི་རིན་གོང་ལོ་འདིའི་ནང་20%གཅོག་རྒྱུ་ཡིན་ཞིང་། ཀུན་གྱིས་ཡིད་སྨོན་བྱེད་པའི་ཡུལ་སྐོར་བྱ་ཡུལ་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་བསྟན་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཡིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྟན་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་གསར་གཏོད་བྱས་པའི་“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད”པའི་བྱེད་སྒོ་སྤེལ་བ་དང་། ཡུལ་སྐོར་མི་ཐེངས་དང་ཡོང་འབབ་ནི “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་ལས་ལོ་གཉིས་ཀྱི་སྔོན་ཚུད་དུ་ལེགས་འགྲུབ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པ”དང་བསྡུར་ན་སོ་སོར་ལྡབ་2.3དང་ལྡབ་2.4འཕར་ཡོད། གྲོང་གསེབ་ཡུལ་སྐོར་དུ་ཞིང་པ་དང་འབྲོག་པ་མི་ཁྲི་8.6ལས་ཞུགས་ཐུབ་པ་དང་། ལོ་རེ་མི་རེར་ཆ་སྙོམས་ཡོང་སྒོ་སྒོར་4300(མི་དམངས་ཤོག་སྒོར། གཤམ་དུ་མཚུངས)འཕར་སྣོན་བྱུང་ཡོད། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང་ཁུལ)34ཡོད་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ལས་བརྒལ་ནས་ལོ་རེར་ཆ་སྙོམས་15%འཕར་ཡོད།

སྲིད་གཞུང་གི་ལས་དོན་སྙན་ཞུའི་བསྟན་དོན། 2021ལོར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བོད་ལྗོངས་ཀྱིས་དུས་ཡོངས་དང་ལྗོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་རེད། ཚོང་འགུག་དངུལ་འདྲེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དངུལ་འཇོག་སྒོར་དུང་ཕྱུར་100ཡན་ཟིན་པར་བརྩོན་ལེན་བྱ་རྒྱུ་རེད། “གནམ་མཚོའི་ཡུལ་སྐོར”དང་།“མཐའ་མཚམས་ཀྱི་ཡུལ་སྐོར”བཅས་ཀྱི་ལམ་ཐིག་སྤུས་དག་བཏོན་ནས་G219ཡུལ་སྐོར་བགྲོད་ལམ་ཆེན་པོ་བསྐྲུན་ཡོད། “རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཀྱི་ལས་རྣམ་གསར་པ་གསོ་སྐྱོང་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་གསར་བརྗེའི་ཡུལ་སྐོར་གཏོད་རྒྱུ་རེད།

ཆེ་དགྲ་ལྷ་ཡིས་2021ལོར་བོད་ལྗོངས་སུ་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་དང་། ཡུལ་སྐོར་བའི་མི་ཐེངས་དང་ཡོང་འབབ་གཉིས་ཀ་20%ཡན་འཕར་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཧུར་ཐག་གིས་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་བསྟན།

http://tibet.people.com.cn/15835897.html

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་མཁའ་ལམ་ཉི་ཤུ་གསར་དུ་སྣོན་རྒྱུ་ཡིན།

ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཡོངས་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་2021ལོར་བོད་ལྗོངས་ཀྱིས་མཁའ་ལམ་20གསར་དུ་སྣོན་རྒྱུ་དང་། ལྗོངས་ནང་ཁུལ་གྱི་མཁའ་ལམ་གྱི་སྤ་སེའ