ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་11.66ཟིན་པ།

2021-01-22 11:14:00     责编:sangjzm

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ན་ནིང་གི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་11.66ཟིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤྱི་ལེ་ཁྲི་3.83མང་དུ་སོང་བ་དང་། རིམ་མཐོའི་གཞུང་ལམ་གྱི་ལམ་ཚད་2015ལོའི་ལོ་མཇུག་གི་སྤྱི་ལེ་37ནས་སྤྱི་ལེ་688བར་མང་དུ་སོང་བ། ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་བཅས་ལ་གཞུང་ལམ་མཐུད་ཚད་སོ་སོར་100%དང་99.96%ཟིན་ནས་ཤར་གཏོང་ཐུབ་ཚད་སོ་སོར་94.1%དང་74.8%བར་འཕར་ཏེ། བཀོད་པ་ལུགས་དང་མཐུན་པའི་ལྗོངས་ཡོངས་ཀྱི་གཞུང་ལམ་དྲ་བ་ཞིག་སྤྱིར་ན་ཆགས་ནས“བོད་ལ་སྐྱོད་དཀའ་བ་དང་། བོད་ནས་ཐོན་དཀའ་བ། བོད་ནང་ཁུལ་དུ་ཐོན་དཀའ་བའི”རྣམ་པ་ད་ནས་བཟུང་མཐོང་རྒྱུ་མེད་པར་གྱུར་པ་རེད།

གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རིམ་རྩིས་བྱས་ན་བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་2516བཏང་སྟེ་འཆར་གཞི་ལས་བརྒལ་བའི་ངང་མ་དངུལ་སྒོར་དུང་ཕྱུར་128ལེགས་སྒྲུབ་བྱས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཆར་འགོད་དམིགས་ཚད་ཀྱི་105%བཟུང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བཏང་བའི་སྒོར་དུང་ཕྱུར་680ཡི་ལྡབ་3.7ཟིན་གྱི་ཡོད། འགྲུལ་སྐྱེལ་ལམ་ཐིག་443ཤར་གཏོང་ཐུབ་ནས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ལ་སྤྱི་སྤྱོད་རླངས་འཁོར་ཡོངས་སུ་ཁྱབ་ནས། རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4370དང་དངོས་ཟོག་ཏུན་ཁྲི་13239ཟིན་ཡོད།

གོམ་སྟབས་རྗེས་མར། བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ། 2025ལོར་སླེབས་སྐབས། བོད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་དང་རིམ་མཐོའི་གཞུང་ལམ་གྱི་ལམ་ཚད་སོ་སོར་ཁྱོན་སྤྱི་ལེ་ཁྲི་12དང་སྤྱི་ལེ་1800ཟིན་པ་བྱ་རྒྱུ་རེད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བོད་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་11.66ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ན་ནིང་གི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་ཁྲི་11.66ཟིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤྱི་ལེ་ཁྲི་