ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞི་151གིས་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ།

2021-01-22 11:12:00     责编:sangjzm

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་བླང་བྱ་སྔར་བས་ཁ་གསལ་ཡོང་བར་བྱས་ནས་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིས“ཞབས་ཞུའི་གྲོས་མཐུན”ལག་ལེན་ཏན་ཏིག་བསྟར་རྒྱུར་སྐུལ་ལྕག་བྱས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་ཁ་བསླུས་རྒྱག་པ་དང་མགོ་སྐོར་གཏོང་བའི་བྱེད་སྤྱོད་ལ་དོགས་ཟོན་ནུས་ལྡན་གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་ཆེད། ཉིན་ཤས་གོང་2021ལོ་འཁོར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་གྲོས་མཐུན་གྱི་གན་རྒྱ་འཇོག་པའི་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་སུ་འཚོགས་པ་རེད།

ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་སྒྲིག་གཞི་30དང་། སྨན་སིལ་ཚོང་ཁང་121གི་ཁྲིམས་མིའི་འཐུས་མི་དང་འབྲེལ་ཡོད་འགན་འཁུར་བ་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་སུ་འཛོམས་ནས། 2021ལོ་འཁོར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་སྨན་བཅོས་འགན་བཅོལ་ལྟེ་གནས་ཀྱི་འགན་འཁུར་བས་སླད་ཕྱིན་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དང་། ཐེབས་རྩའི་བདེ་འཇགས་འགན་སྲུང་། ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཇི་ལྟར་བྱ་རྒྱུའི་ཐད་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིར་བླང་བྱ་ཁ་གསལ་བཏོན་ཡོད།

ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་གྱི་དམངས་འཚོ་དང་འབྲེལ་བའི་གནད་དོན་ལ་མུ་མཐུད་དོ་ཁུར་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ཁ་བསླུས་རྒྱག་པ་དང་མགོ་སྐོར་གཏོང་བར་རྡུང་རྡེག་གཏོང་བའི་གློ་བུར་གྱི་ཞིབ་བཤེར་དང་། རྒྱུན་གཏན་གྱི་ཞིབ་བཤེར། ལོ་འཁོར་གྱི་དཔྱད་ཞིབ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་དམིགས་འཛུགས་ཀྱི་གསོ་རིག་དང་སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་གྲོས་མཐུན་ལག་བསྟར་བྱས་ཚུལ་ལ་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་ཏན་ཏིག་བཏང་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་དང་། སྡེ་ཚན་དབར་གྱི་མཉམ་འབྲེལ་ཞིབ་བཤེར་དང་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཐད“ཐར་པར་གཏན་ནས་མི་གཏོང་བར”བྱ་ཐབས་ནན་པོ་བཏོན་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་མ་ཟད། ཁ་ཆད་ལས་འགལ་བར་ཆད་གཅོད་དང་། སྲིད་འཛིན་གྱི་ཆད་པ་གཅོད་པ། ཁྲིམས་འཛིན་གྱི་རྡུང་རྡེག་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་རེད།

ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས“གཅིག་འཐུས་རྣམ་པའི”མཇུག་རྩིས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་སྦྲགས། སྲིད་ཇུས་ལ་རྒྱུས་མངའ་ཆེ་བའི་ལས་སྒོ་སྒྲུབ་མཁན་བཀོད་སྒྲིག་བྱས་ཏེ་སྐབས་དང་བསྟུན་ནས་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཀྱི་སྲིད་ཇུས་ཀྱི་བློ་འདྲི་དང་ལེན་བྱ་རྒྱུ་དང་། འགན་བཅོལ་ལ་ཞུགས་མཁན་མང་ཚོགས་སྨན་ཁང་དུ་སྡོད་པ་དང་། སྨན་བཅོས་ཀྱི་ལྷུ་ཚིགས་ནས་སྨན་ཁང་ནས་དོན་པ་སོགས་བར་གྱི་མཇུག་རྩིས་ཐད་ཡོངས་བསྒྲགས་དང་ཁ་གསལ་གྱི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ལ་ཁ་གསལ་གཏིང་གསལ་གྱི་སྒོ་ནས་འཛད་སྤྱོད་བྱེད་དུ་བཅུག་སྟེ་མང་ཚོགས་ཀྱི་ཞུགས་དབང་དང་། གནས་ཚུལ་ཤེས་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་ལེན་དང་ནད་པར་སྨན་བཅོས་དང་སྨན་ཉོ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་འགྲོ་བར་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞི་151གིས་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་བླང་བྱ་སྔར་བས་ཁ་གསལ་ཡོང་བར་བྱས་ནས་དམིགས་འཛུགས་གསོ་རིག་དང་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང