ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཁོའོ་ཤིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་ཆི་ལིར་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་ཐོབ་པ།

2021-01-23 10:52:00     责编:sangjzm

ཆི་ལི་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་སུའོ་ཡིས་ཚེས་20ཉིན་ཀྲུང་གོ་ཁོའོ་ཤིན་ཀུང་སིས་ཞིབ་སྤེལ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲོད་རྒྱུའི་ཁྱབ་བསྒྲཌ་བྱས་པ་རེད།

ཆི་ལི་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་ཁང་གི་ལས་ཚབ་ཡོན་ཀྲང་ཅ་ཤིས་ཡ་ཡིས་དེ་ཉིན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་འདེམས་ཤོག་འཕེན་མཇུག་འགྲིལ་རྗེས་ཀྲུང་གོ་ཁོའོ་ཤིན་གྱི་རིམས་འགོག་སྨན་ཁབ་ནི་བདེ་འཇགས་དང་ཕན་ནུས་ལྡན་པའི་རིམས་འགོག་སྨན་ཁབ་ཞིག་ཡིན་པ་དང་། འགོ་ནད་ཚབས་ཆེན་དང་སྨན་ཁང་དུ་སྡོད་ཚད་ཉུང་དུ་ནུས་ལྡན་གཏོང་ཐུབ་པས་དེ་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་སྤྲོད་པའི་གཏན་འབེབས་བྱས་ཡོད་ཅེས་བརྗོད་པ་རེད།

ཆི་ལིས་མིག་སྔར་ཁོའོ་ཤིན་ཀུང་སི་དང་མཉམ་ལས་བྱས་ཏེ་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་དུས་ཐེངས་གསུམ་པའི་ནད་ཐོག་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། འདི་ནི་ཆི་ལི་འཕྲོད་བསྟེན་པུའི་པུའུ་ཀྲང་ཕ་ལི་སི(གཡོན)དང་ཚན་རྩལ་པུའུ་ཀྲང་ཀུའུ་ཧྥུའུ་སན་ཐེ་ཡ་ཀོའི་ཙུང་ཐུང་ལས་ཤག་ཏུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཀྲུང་གོའི་ཁོའོ་ཤིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་ཆི་ལིར་ཛ་དྲག་ངང་སྤྱོད་རྒྱུའི་ཆོག་མཆན་ཐོབ་པ།

ཆི་ལི་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་ཁང་གི་ལས་ཚབ་ཡོན་ཀྲང་ཅ་ཤིས་ཡ་ཡིས་དེ་ཉིན་གྱི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་འདེམས་ཤོག་འཕེན་མཇུག་འགྲིལ་རྗེས་ཀྲུང་གོ་ཁོའོ་ཤིན་གྱི་རིམས་འགོག་སྨན་ཁབ་ནི་བདེ་འཇགས་དང་ཕན་ནུས་ལྡན་པའི་རིམས་འགོག་སྨན་ཁབ་ཞིག་ཡིན་པ་དང་།