ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

པ་ཀ་ཏར་ཐོན་པའི་རང་ལྕེབས་རང་བཞིན་གྱི་འབར་གས་དོན་རྐྱེན་གཉིས་ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་32བར་འཕར་བ།

2021-01-22 15:49:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རག་འཕྲོད་བསྟེན་པུས་སྤྱི་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་རྒྱལ་ས་པ་ཀ་ཏར་ཐོན་པའི་རང་ལྕེབས་རང་བཞིན་གྱི་འབར་གས་དོན་རྐྱེན་གཉིས་ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་32བར་འཕར་ཡོད་པ་དང་། གཞན་ཡང་མི་110ལ་རྨས་སྐྱོན་ཕོག་ཡོད། རང་ལྕེབས་རང་བཞིན་གྱི་འབར་གས་འཇབ་རྒོལ་བྱེད་མཁན་གྱི་ཉེས་ཅན་པ་གཉིས་ཀྱིས་་ཉིན་དེ་སྔ་དྲོ་པ་ཀ་ཏ་གྲོང་ཁུལ་གྱི་མི་སྣ་རུབ་བསྡུས་ཆེ་བའི་གྲོང་ཁུལ་ཞིག་ལ་འབར་གས་སྒྲིག་ཆས་འབར་གཏོར་བྱས་ཡོད་པ་དང་། འབར་གཏོར་ཐེངས་གཉིས་ཀྱི་བར་ལ་སྐར་མ་ཁ་ཤས་ཀྱི་དུས་ཁྱད་ལས་མེད། མིག་སྔར་སྒྲིག་འཛུགས་དང་མི་སྒེར་སུ་གང་ཞིག་གིས་ཀྱང་ད་ཐེངས་ཀྱི་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

པ་ཀ་ཏར་ཐོན་པའི་རང་ལྕེབས་རང་བཞིན་གྱི་འབར་གས་དོན་རྐྱེན་གཉིས་ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་32བར་འཕར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རག་འཕྲོད་བསྟེན་པུས་སྤྱི་ཚེས་21ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་རྒྱལ་ས་པ་ཀ་ཏར་ཐོན་པའི་རང་ལྕེབས་རང་བཞིན་གྱི་འབར་གས་དོན་རྐྱེན་གཉིས་ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་མི་གྲངས་32བར་འཕར་ཡོད་པ་དང་།