ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སྤྱི་ལོ་2020ལོའི་འཇར་མན་ལོ་རེའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་བརྒྱ་ཆ་0.5བར་ཆག་པ།

2021-01-20 15:08:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོར་འཇར་མན་གྱི་ལོ་རེའི་ཆ་སྙོམས་ཀྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་བརྒྱ་ཆ་0.5བར་ཆག་པ་དང་། སྤྱི་ལོ་2019ལོའི་བརྒྱ་ཆ་1.4ལས་དམའ་བ་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་འོག ཡོ་རབ་སྒོར་མོ་ཁུལ་གྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མུ་མཐུད་དམའ་རུ་ཕྱིན་ཡོད། དངུལ་ལོར་འགྲེམས་ཐལ་ཤོར་ཚད་མུ་མཐུད་དམིགས་འབེན་གྱི་ཆུ་ཚད་ལས་དམའ་བ་ཡོད་པ་དེས་ཁེ་ལས་ཀྱི་མ་འཇོག་དང་མི་སྒེར་གྱི་འཛད་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་འགོག་རྐྱེན་བཟོ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

སྤྱི་ལོ་2020ལོའི་འཇར་མན་ལོ་རེའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་བརྒྱ་ཆ་0.5བར་ཆག་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ་2020ལོར་འཇར་མན་གྱི་ལོ་རེའི་ཆ་སྙོམས་ཀྱི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་བརྒྱ་ཆ་0.5བར་ཆག་པ་དང་།