ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧའར་པིན་དང་། པེ་ཅིང་། ཧྲང་ཧའེ། ཧྲི་ཅ་ཀྲོང་བཅས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་ཚུལ་བརྡ་ཁྱབ་བཏང་བ།

2021-01-22 15:43:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་21ཉིན་གྱི་མཚན་མོར་ཧའར་པིན་གྲོང་ཁྱེར་གྱིས། ཉིན་དེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་10མང་དུ་ཕྱིན་ཡོད་པ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ནད་རྟགས་མི་མངོན་པའི་ནད་པ་31མང་དུ་ཕྱིན་པ་བརྡ་ཁྱབ་བཏང་ཡོད། འགོས་ཁྱབ་འགྲོ་ལམ་གསལ་པོ་ཡིན་ཏེ། དེ་དག་ཚང་མ་ཧེ་ལུང་ཅང་ཀྲེང་ཏ་དངོས་ལས་ཚད་ཡོད་ཀུང་སི་དང་འབྲེལ་བ་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཚེས་21ཉིན་བརྡ་ཁྱབ་བཏང་བར་གཞིགས་ན། ཏ་ཤིང་ཁུལ་ཐན་ཀུང་ཡོན་སྲང་ལམ་དུ་ས་ཁོངས་ཡོངས་ལ་དོ་དམ་ཚོད་འཛིན་བྱས་ནས། ནད་པ་ཡོད་ས་དང་ཉེ་འགྲམ་སྡེ་ཁུལ་ལ་བཀག་སྡོམ་ནན་པོ་བྱས་ཡོད་པ་དང་། འགྲོ་སྐྱོད་བྱེད་མི་ཆོག་པ་བཟོས་ཡོད། ཏ་ཤིང་ཁུལ་གྱིས་ཁོངས་མི་ཡོངས་དང་ས་ཁོངས་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཟིན་ཡོད་པ་རེད།

མིག་སྔར་རྒྱལ་སའི་གནམ་ཐང་དང་ཏ་ཤིང་གནམ་ཐང་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་མིན་པས། འགྲུལ་པ་རྣམས་གནམ་ཐང་ནས་གནམ་གྲུར་བསྡད་དེ་འགྲུལ་བཞུད་བྱེད་སྐབས། འགྲོ་སྐྱོད་ཨང་རྟགས་དང་བདེ་ཐང་ཨང་རྟགས་ཚོན་དོག་དམར་པོར་འགྱུར་མི་སྲིད། སྤྱི་ཚེས་22ཉིན་ནས་འགོ་ཚུགས་ཏེ། པེ་ཅིང་གིས་ས་འོག་ལྕགས་ལམ་གྱི་ལམ་ཐིག་ལྔ་པ་དང་། ལམ་ཐིག་10པ་སོགས་ཀྱི་འབབ་ཚུགས་དབྱེ་ནས་ཞོགས་པ་མི་མང་བའི་སྐབས་སུ་དྲ་མིག་ཅན་གྱི་འགྲོ་སྐྱོད་ཚད་བཀག་གི་བྱ་ཐབས་བཟུང་ནས། རིམས་ནད་རིང་འགྲུལ་པའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ཧྲང་ཧའེ་གྲོང་ཁྱེར་གྱིས་སྤྱི་ཚེས་21ཉིན་ས་ཆ་དེ་རང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་3མང་དུ་ཕྱིན་པ་སྙན་ཞུ་བྱས་ཡོད། ཧང་ཕུའུ་ཁུལ་ཀྲའོ་ཐུང་ལམ་གྲོང་མིའི་ཁུལ་དེ་ཉིད་ཉེན་ཁ་འབྲིང་བའི་ས་ཁུལ་དུ་གཏན་འཁེལ་བྱས་ཡོད་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱིས་སྨན་བཅོས་ཚན་པ་ཆེ་ཁག་གིས་སྤྱི་ཚེས་21ཉིན་ནས་བཟུང་སྨན་ཁང་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་གྱི་ལས་དོན་སྤེལ་ཡོད་པ་རེད།

སྤྱི་ཚེས་21ཉིན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཧྲི་ཅ་ཀྲོང་དུ་ཁྱབ་འགྱེད་འགྲོ་བའི་ནད་པ་རིམ་བཞིན་ཉུང་དུ་ཕྱིན་པ་མངོན་ཡོད་པ་དང་། གསར་ཐོན་ནད་པ་གཙོ་བོ་ལོགས་དབྱེ་ས་ཚིགས་ནས་ཡིན་པ་རེད། སྤྱི་ཚེས་21ཉིན་གྱི་སྔ་དྲོ་ཞིང་ཐའེ་ནན་ཀུང་གྲོང་ཁྱེར་གྱིས་ཁག་དང་པོའི་ནད་པ་3སྨན་ཁང་ནས་དོན་པ་དང་། དྲག་སྐྱེས་སྨན་བཅོས་ཀྱི་དུས་མཚམས་སུ་སླེབས་ཡོད། ནན་ཀུང་གྲོང་ཁྱེར་དང་། ལུང་ཡའོ་རྫོང་གིས་རེས་སྐོར་གསར་པའི་ཁོངས་མི་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཆ་ཚང་ལེགས་སྒྲུབ་ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཧའར་པིན་དང་། པེ་ཅིང་། ཧྲང་ཧའེ། ཧྲི་ཅ་ཀྲོང་བཅས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་ཚུལ་བརྡ་ཁྱབ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་21ཉིན་གྱི་མཚན་མོར་ཧའར་པིན་གྲོང་ཁྱེར་གྱིས། ཉིན་དེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་10མང་དུ་ཕྱིན་ཡོད་པ་དང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ནད་རྟགས་མི་མངོན་པའི་ནད་པ་31མང་དུ་ཕྱིན་པ་བརྡ་ཁྱབ་བཏང་ཡོད། འགོས་ཁྱབ་འགྲོ་ལམ་གསལ་པོ་ཡིན་ཏེ།