ཆ་འཕྲིན་ཐེར་འདོན། mzjubao@cnr.cn

首页大图

རྒྱལ་ཡོངས་སྲིད་གྲོས་སྐབས13པའི་གྲོས་ཚོཊ་ཐེངས3པ་མཇུག་སྒྲིལ་བ།

2020-05-28 16:24:00     责编:sangjzm

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཝང་དབྱང་ནས་གསུང་བཤད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས27ཉིན་གྱི་ཕྱི་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་ཁག་ལེགས་སྒྲུབ་ཟིན་ནས་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་ཡོད། གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཚོགས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ། འབད་འབུངས་ཡར་བརྩོན་བྱེད་པ། མི་དམངས་སྲིད་གྲོས་དེ་ཉིད་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་སའི་འཐབ་ས་གལ་ཆེན་དང་། ཏང་གི་རིགས་གཞུང་གསར་གཏོད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་མཐུན་སྒྲིལ་སློབ་གསོ་དང་ཁྲིད་སྟོན་བྱེད་སའི་སྟེགས་བུ་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་འགལ་ཟླ་སེལ་བ་དང་ཐུན་མོང་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པའི་ཐབས་ལམ་གལ་ཆེན་བཅས་ལ་འགྱུར་བ་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་གནང་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་མཇུག་སྒྲིལ་ཚོགས་འདུ་འགོ་ཚུགས་པ་དང་། ཝང་དབྱང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན་2151ཡོད་པ་དང་། དངོས་སུ་ཞུགས་མཁན་ཨུ་ཡོན་2043ཡོད་པ་དེ་གཏན་འབེབས་ཀྱི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད།

གྲོས་ཚོགས་ཐོག་ལི་པིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་ཡོད། གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་ཡོད། ཨུ་ཡོན་རྣམ་པས་མགྲིན་དབྱངས་གཅིག་གྱུར་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཏན་འབེབས་ལ་ཡོངས་སུ་མོས་མཐུན་དང་རྒྱབ་སྐྱོར་གནང་ཡོད།

ཝང་དབྱང་གིས་གསུང་བཤད་གནང་སྐབས་ད་ཐེངས་ཀྱི་གྲོས་ཚོགས་ནི་རང་རྒྱལ་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་བྱས་པར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུ་དེ་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་མཚམས་གལ་ཆེན་ལ་སླེབས་པའི་སྐབས་སུ་འཚོགས་པ་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་གནང་སྟེ་ཨུ་ཡོན་རྣམས་དང་རྒྱལ་དོན་ལ་མཉམ་དུ་གྲོས་བསྡུར་གནང་ཡོད། ཨུ་ཡོན་ཡོངས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་ངང་སྐུལ་འདེད་དང་། མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་དོན་འཁྱོལ་བྱ་རྒྱུར་གཞིགས་ཏེ་ཐབས་དང་ཇུས་ཧུར་ཐག་བཏོན་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་པ་དེའི་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་གལ་ཆེན་གང་ལེགས་མངོན་ཞིང་། དེ་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

ཝང་དབྱང་གིས། ད་ལོ་ནི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་འདྲེས་མཚམས་ཀྱི་ལོ་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་གནས་བབ་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་དཀའ་བའི་འགྱུར་ལྡོག་ཆེན་མོའི་གནས་བབ་ཆེན་མོ་གཉིས་ལ་དམ་པོར་གཞིགས་ཏེ། བྱ་སྤྱོད་དངོས་དང་འགན་སྒྲུབ་ཕན་འབྲས་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་ཞུ་སྒྲུབ་པའི་རྒྱུགས་ལན་ཡག་པོ་ཞིག་འདེབས་དགོས། རླབས་ཆེ་བའི་རིམས་འགོག་འཐབ་རྩོད་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་དང་། ཆོད་སེམས་བརྟན་གཏོང་གིས་འདུ་ཤེས་བཞི་སྔར་བས་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ། མི་རིགས་ཁག་གི་མི་དམངས་བར་གྱི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཉེན་ཁ་དང་ཚོད་བགམ་ལ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་དོན་གྲ་སྒྲིག་ཡག་པོ་བྱེད་དགོས། དམིགས་འབེན་ལས་འགན་ལ་དམ་པོར་གཞིགས་ནས་འགན་སྒྲུབ་ནུས་པ་མཐོར་གཏོང་དང་། ལས་ཀའི་ཕན་འབྲས་མཐོར་གཏོང་བྱེད་དགོས་པ་དང་། སྤྱོད་ཚུལ་བཟང་པོ་དང་འགན་སྒྲུབ་ནུས་པ་ཟུང་འབྲེལ་ཡག་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་སྔོན་འགོག་དང་ཁྱད་བསད་བྱེད་པ། ཇུས་འདོན་བློ་འདོན་གོ་ཆོད་ཅིང་། ངོས་འཛིན་གཅིག་སྡུད་ནུས་འབྲས་དང་ལྡན་པར་བྱེད་པ། སྤྱོད་ཚུལ་བཟང་པོས་འགན་སྒྲུབ་ཕན་འབྲས་ལྡན་པར་བྱེད་དགོས་པ། འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ་དང་། ཆེད་དོན་གྲོས་མོལ་ཚན་པའི་ཁོངས་མིའི་གཞི་རྩའི་ནུས་པ་ཆེ་རུ་གཏོང་བ། དཔེ་ཆ་མང་ཙམ་བལྟ་བ་དང་། དཔེ་ཆ་ཡག་པོ་བལྟ་བ། དཔེ་ཆ་བལྟ་མཁས་པོ་བཅས་བྱེད་པ། སྲིད་གྲོས་ལས་དོན་གྱི་ཆོད་ཉིད་དང་གྲོས་མོལ་བྱ་ཐབས་ཀྱི་དོན་སྙིང་ཁོང་དུ་ཆུད་པ་བྱེད་པ། ཇུས་འདོན་གྱི་སྔོན་མཐོང་རང་བཞིན་དང་། གནད་འཕིགས་རང་བཞིན་ཤུགས་ཆེར་གཏོང་བ། ངོས་འཛིན་གཅིག་སྡུད་བྱེད་པའི་དམིགས་བཙུགས་རང་བཞིན་དང་ནུས་འབྲས་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ནས་མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཝང་དབྱང་གིས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་ཅན་གྱི་དམངས་གཙོ་ལག་བསྟར་བྱེད་པའི་ཐད་ནུས་པ་འདོན་པ་དང་ལེགས་སྐྱེས་འབུལ་དགོས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་བཟང་ཆ་བེད་སྤྱོད་ཀྱིས་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཇུས་འདོན་དང་སྲིད་སྐྱོང་རོགས། ངོས་འཛིན་གཅིག་སྡུད་བཅས་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱེད་པ་དེ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་མང་མཉམ་ལས་གཉིས་སྟབས་བསྟུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཐད་ཕན་ཐོགས་ཡོད་ལ། དམངས་གཙོ་དར་སྤེལ་དང་གཅིག་སྡུད་དང་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུ་གཉིས་སྟབས་བསྟུན་ཟུང་འབྲེལ་བྱ་རྒྱུར་ཕན་ཐོགས་ཡོད། དེ་བས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་གཉིས་སྟབས་བསྟུན་ཟུང་འབྲེལ་བྱ་རྒྱུར་ཡང་ཕན་ཐོགས་ཡོད། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ཚན་པའི་ལམ་ལུགས་ཕན་འབྲས་ཆེ་རུ་གཏོང་བ་དང་། གཅིག་མཐུན་གྱི་བསམ་བློ་ཆབ་སྲིད་རྨང་གཞི་དང་། ཐུན་མོང་གི་དམིགས་འབེན་འཚོལ་སྙེག ཐུན་མོང་གི་རྩ་བའི་ཁེ་ཕན་བཅས་ལྡན་པའི་ཆབ་སྲིད་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་རོགས་འདེགས་དང་མཉམ་ཤུགས་འདོན་དགོས་ཞེས་བསྟན་ཡོད་པ་རེད།

མཇུག་སྒྲིལ་ཚོགས་འདུར་ཞུགས་མཁན་གྱི་འགོ་ཁྲིད་བློ་མཐུན་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མིན་ཨར། ཧུའུ་ཁྲུན་ཧྭ། ཀོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡའུ་ཆོན། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཨའེ་ལི་ཀེང•དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ། ཝུའེ་ཧྥོང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲའུ་ཆང་། ཀྲང་ཅུན་སོགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་ཡང་མཇུག་སྒྲིལ་ཚོགས་འདུར་ཟུར་ཞུགས་གནང་ཡོད། གཞན་ཡང་། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕོ་ཉ་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཞུགས་ཡོད།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མཇུག་སྒྲིལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མིག་དམར་རྒྱ་མཚོ། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་སྐབས13པའི་གྲོས་ཚོཊ་ཐེངས3པ་མཇུག་སྒྲིལ་བ།

སྤྱི་ཚེས27ཉིན་གྱི་ཕྱི་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་ཁག་ལེགས་སྒྲུབ་ཟིན་ནས་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་ཡོད། གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཚོགས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམ་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་