ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱ་གར་དམག་ཕྱོགས་ཀྱིས་སྤང་གོང་མཚོར་བྱ་སྤྱོད་གསར་པ་སྤེལ་འདུག

2021-01-03 14:45:00     责编:卓玛才让

རྒྱ་གར་དམག་ཕྱོགས་ཀྱིས་སྐོར་གཡེང་གྲུ་གཟིངས་12ཉོས་ནས་སྤང་གོང་མཚོར་བཀོད་སྒྲིག་བྱས་པ་དང་། ཁོ་ཚོར་གྲུ་གཟིངས་རྙིང་པའི་གྱོང་རག་མྱོང་ཡོད།

ཟླ་1ཚེས་2ཉིན་《རྒྱ་གར་སྐབས་དོན་ཚགས་པར》དུ་སྤེལ་བའི་གནས་ཚུལ་གསར་ཤོས་ལྟར་ན། རྒྱ་གར་གྱིས་ཉིན་ཤས་གོང་རྒྱ་གར་རྒྱལ་ཁབ་ནས་བཟོས་པའི་དམིགས་བསལ་མགྱོགས་མྱུར་སྐོར་ཞིབ་གྲུ་གཟིངས་12ཀྱི་ཉོ་སྒྲུབ་ཀྱི་གན་རྒྱར་མིང་རྟགས་བཀོད་པ་དང་།དམག་གྲུ་དེ་དག་ལ་སྔོན་ཐོན་གྱི་ལྟ་ཞིབ་བམ་སོ་ལྟའི་སྒྲིག་ཆས་དང་སྒྲིག་ཆས་གཞན་དག་ལྡན་པ་དང་། སླད་ཕྱིན་རྒྱ་གར་དམག་ཕྱོགས་ཀྱིས་དམག་གྲུ་དེ་དག་སྤང་གོང་མཚོ་(མཚོ་མོ་ངང་ལག་རིང་པོ་ཡང་ཟེར།)རུ་སྐོར་གཡེང་བྱེད་པར་བཀོད་སྒྲིག་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བ་ལྟར་ན། 2012ལོ་ཡས་མས་ལ་ཚུར་སྣང་སྐྱེན་པའི་དམག་གྲུ་མ་རག་གོང་། རྒྱ་གར་དམག་ཕྱོགས་ཀྱིས་སྤང་གོང་མཚེ་ཁུལ་དུ་གྲུ་གཟིངས་རྙིང་པ་སྤྱད་ནས་སྐོར་གཡེང་བྱས་ཤིང་། གྲུ་གཟིངས་དེ་དག་ཀྲུང་གོའི་དམག་སྤྱོད་གྲུ་གཟིངས་དང་འཕྲད་སྐབས་རྟག་ཏུ་གནས་བབས་ཞན་པའི་གནས་སུ་ལུས་པ་དང་ཐ་ན་དམག་འཐབ་ཀྱི་ནུས་པའང་ཤོར་གྱི་ཡོད།

རྒྱ་གར་དམག་དཔོན་མགྱོགས་གྲུ་ཆུང་གྲས་སུ་བསྡད་ནས་མཐའ་མཚམས་ས་ཁུལ་དུ་སྐྱོད་བཞིན་པ།

གནས་ཚུལ་སྤེལ་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་སྤྱི་ལོ་2020ལོའི་ཟླ་12ཚེས་31ཉིན་རྒྱ་གར་དམག་ཕྱོགས་ཀྱིས་རྒྱ་གར་གོ་ཨ་གྲུ་གཟིངས་བཟོ་གྲྭའི(Goa Shipyard)གསར་དུ་བཏོད་པའི་སྐོར་ཞིབ་གྲུ་གཟིངས་12ཀྱི་ཉོ་སྒྲུབ་ཀྱི་གན་རྒྱར་མིང་རྟགས་བཀོད་པ་དང་། དེའི་སྤྱིའི་རིན་ཐང་ཧ་ལམ་ལུའུ་པི་དུང་ཕྱུར་6.5(ཨ་སྒོར་ཁྲི་889དང་མཚུངས)ཡིན་ཞིང་། དེའི་ཡིག་ཆར་གཞིགས་ན་རྒྱ་གར་གོ་ཨ་གྲུ་གཟིངས་བཟོ་གྲྭས་ད་དུང་འབྱུང་འགྱུར་གྱི་ལོ་4ཡི་ནང་རྒྱ་གར་གྱི་དམག་ཕྱོགས་ལ་ལེ་ལག་ཚང་བའི་གྲ་སྒྲིག་དང་སྲུང་སྐྱོང་གི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། རྒྱ་གར་གྱི་དམག་དཔོན་ཞིག་གིས་དམག་གྲུ་དེ་དག་ལོ་འདིའི་ཟླ་5པར་སྤྲོད་འགོ་འཛུགས་རྒྱུ་ཡིན་པ་དང་། དེ་དག་སྤང་གོང་མཚོ་ཡི་ས་ཁུལ་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། མིག་སྔར་ས་ཁུལ་དེའི་ཆུ་ངོས་སུ་ཆབ་རོམ་ཆགས་ཡོད་ཅེས་བཤད་འདུག

སྤང་གོང་མཚེའུ།

གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དམག་ཕྱོགས་ཀྱིས་སྐོར་གཡེང་དམག་གྲུ་ཉོ་བའི་བྱེད་ཐབས་དེས། རྒྱ་གར་གྱིས་དྲག་ཆས་དཔུང་སྡེས་ཡུན་རིང་ཀྲུང་གོ་དང་ཁ་གཏད་དུ་ལངས་ཆེད་གྲ་སྒྲིག་བྱེད་བཞིན་པ་མཚོན་པ་དང་། མིག་སྔར་ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གཉིས་པོས་ཧ་ལམ་“གདོང་གཏད”ཀྱི་རྣམ་པའི་ཐོག་ཕན་ཚུན་ཁ་གཏད་དུ་ལངས་ཡོད། 2012ལོ་ནས་བཟུང་རྒྱ་གར་གྱིས་སྤང་གོང་མཚོ་ཡི་ས་ཁུལ་དུ་ཚུར་སྣང་སྐྱེན་པའི་དམག་གྲུ་17བཀོད་སྒྲིག་བྱས་ཡོད་ཀྱང་། རྒྱ་གར་གྱིས་སྔར་བཞིན་རང་ཉིད་ཀྱི་ཁྱབ་ཁོངས་དེའི་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། དམག་གྲུའི་བཀོད་སྒྲིག་གི་ནུས་པ་ཀྲུང་གོའི་དམག་ཕྱོགས་ཀྱི་སྐོར་གཡེང་གྲུ་གཟིངས་དང་འགྲན་ནུས་པ་ཞིག་ཡིན་དགོས་པར་སྙམ་གྱི་ཡོད།

གནས་ཚུལ་སྤེལ་བ་རུ་ཁ་གསབ་ཀྱི་ཚུལ་དུ། 2012ལོ་ཡས་མས་ཏེ་རྒྱ་གར་དམག་མིས་ཚུར་སྣང་སྐྱེན་པོ་ཡོད་པའི་དམག་གྲུ་བཀོད་སྒྲིག་མ་བྱས་གོང་། རྒྱ་གར་དམག་མིས་དམག་གྲུ་རྙིང་པ་སྤྱད་དེ་སྤང་གོང་མཚོའི་ས་ཁུལ་དུ་སྐོར་གཡེང་བྱེད་པ་དང་། དམག་གྲུ་དེ་ཀྲུང་གོའི་དམག་དཔུང་གིས་སྤྱོད་ཀྱིན་པའི་གྲུ་གཟིངས་དང་འཕྲད་སྐབས་རྟག་ཏུ་གནས་བབས་ཞན་པའི་གནས་སུ་གྱར་བ་དང་ཐ་ན་དམག་འཐབ་ཀྱི་ནུས་པའང་ཤོར་གྱི་ཡོད་ཅེས་བཀོད་ཡོད།

གནས་ཚུལ་སྤེལ་བ་ལྟར་ན། ཟླ་11ཚེས་6ཉིན་ཀྲུང་རྒྱ་དམག་དཔུང་གཉིས་ཀྱིས་འཚོགས་པའི་ཐེངས་བརྒྱད་པའི་དམག་དཔོན་རིམ་པའི་གྲོས་མོལ་གྱིས། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་གནས་བབ་ཞི་ལྷོད་དུ་འགྲོ་བར་རེ་སྐུལ་བྱས་པ་དང་རྒྱལ་ཁབ་གཉིས་པོས་གདོང་ཐུག་བྱུང་གནས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱས་པ་དང་། རྒྱ་གར་གྱི་དམག་དཔོན་ཞིག་གིས་ཐེངས་དགུ་པའི་དམག་དཔོན་རིམ་པའི་གྲོས་མོལ་ནི་མི་འགྱང་བའི་ཉིན་ཁ་ཤས་ནང་འཚོག་སྲིད་མོད། འོན་ཀྱང“(ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས)ཟླ་4པའི་སྐབས་ཀྱི་རྣམ་པར”་སླར་གསོ་བྱ་རྒྱུ་ནི་རྒྱ་གར་ཕྱོགས་ཀྱི་མ་མཐའི་ཚད་ཐིག་ཡིན་ཞེས་ནན་བཤད་བྱས་ཡོད།

གཞན་ཡང་ཀྲུང་གོའི་རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་11ཚེས་6ཉིན་ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གཉིས་ཀྱིས་ཁྲུའུ་ཧྲུའུ་ལེ་རུ་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་བརྒྱད་པ་འཚོགས་ཤིང་། ཕྱོགས་གཉིས་པོས་མུ་མཐུད་དུ་མཐའ་མཚམས་ནུབ་དུམ་གྱི་དངོས་ཡོད་ཚོད་འཛིན་ཐིག་ས་ཁུལ་ནས་གདོང་ཐུག་མི་བྱ་བར་བཅོས་མིན་ཟོལ་མེད་ཀྱིས་དགེ་མཚན་ལྡན་པའི་བསམ་འཆར་བརྗེ་རེས་བྱ་རྒྱུར་སྐུལ་འདེད་བྱས་ཡོད་པ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། ཕྱོགས་གཉིས་པོའི་དཔུང་སྡེས་བཟོད་སྒོམ་བྱེད་པར་འགན་ལེན་བྱས་ཏེ།གོ་ལོག་ཐེབས་པའི་གནད་དོན་མི་འབྱུང་བ་བྱ་རྒྱུར་མོས་མཐུན་བྱུང་བ་དང་། ཕྱོགས་གཉིས་པོས་དམག་དོན་དང་ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་མུ་མཐུད་དུ་འབྲེལ་འདྲིས་ཁ་བརྡ་བྱས་ཏེ། ཐེངས་དེའི་གྲོས་མོལ་གྱི་རྨང་གཞིའི་ཐོག་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་དང་། ཕྱོགས་གཉིས་པོའི་བར་མི་འགྱང་བར་ཐེངས་རྗེས་མའི་གྲོས་མོལ་འཚོག་རྒྱུར་མོས་མཐུན་བྱུང་ཡོད།

ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་འགལ་བའི་གནད་དོན་ཐད། ཀྲུང་གོའི་རྒྱལ་སྲུང་པུའུ་ཀྲང་ཝེ་ཕུང་ཧོ་ཡིས་ཟླ་9ཚེས་4ཉིན་རྒྱལ་སྲུང་པུའི་མཉམ་འབྲེལ་ཚོགས་འདུ་འཚོགས་སྐབས་ནས་མིག་སྔའི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་གནད་དོན་གྱི་འབྱུང་རྐྱེན་དང་དོན་དངོས་ཧ་ཅང་གསལ་པོ་ཡིན་པ་སྟེ། དེའི་འགན་ཡོད་ཚད་རྒྱ་གར་ལ་ཡོད། ཀྲུང་གོའི་མངའ་ཁོངས་ཡིན་པའི་ས་ཆ་ཚུན་གང་ཙམ་ཡང་གཏོང་མི་རུང་བ་དང་། ཀྲུང་གོའི་དམག་དཔུང་ལ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུའི་ཆོད་སེམས་དང་།ནུས་པ།གདེང་ཚོད་བཅས་ཡོད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

རྒྱ་གར་དམག་ཕྱོགས་ཀྱིས་སྤང་གོང་མཚོར་བྱ་སྤྱོད་གསར་པ་སྤེལ་འདུག