ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མོང་གོལ་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ཙུང་ཐུང་འདེམ་བསྐོའི་དུས་ཚོད་གཏན་འཁེལ་བྱས།

2021-01-21 14:22:00     责编:sangjzm

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས་ཉི་ཤུ་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་དེའི་ཉིས་སྟོང་ཉེར་གཅིག་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་དགུ་ཉིན་སྤེལ་བར་ཐག་བཅད།

གསར་དུ་བཟོ་བཅོས་བྱས་པའི་མོང་གོལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམ་བསྐོའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ལྟར་དུ། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། ཨུ་ཡོན་མང་ཆེ་བ་ཡིད་འཐད་བྱུང་བའི་འདེམ་ཤོག་མཇུག་འབྲས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ཙུང་ཐུང་འདེམ་བསྐོའི་དུས་ཚོད་སོགས་ཆོད་དོན་ལ་གྲོས་མཐུན་བཀོད།

གྲོས་ཁང་གི་ཆོད་དོན་ལྟར་ན། མོང་གོལ་རྒྱལ་ཁབ་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་ཙུང་ཐུང་འདེམ་བསྐོའི་བྱ་བ་དེ་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ནས་དངོས་སུ་མགོ་རྩོམ་རྒྱུ་ཡིན་པ་དང་། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་དགུ་ཉིན་སྤེལ་རྒྱུ་རེད།

གསར་དུ་བཟོ་བཅོས་བྱས་པའི་མོང་གོལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་གཏན་འཁེལ་བྱས་དོན། ཙུང་ཐུང་གི་འགན་ཡུན་ལོ་དྲུག་ཡིན་པ་དང་། བསྟུད་འགན་ཁུར་མི་རུང་ལ་ཡང་བསྐྱར་འདེམ་བསྐོའི་ནང་ཞུགས་མིི་ཆོག ལོ་ལྔ་བཅུའི་ཡན་དང་། མོང་གོལ་རྒྱལ་ཁབ་ནས་བསྟུད་མར་ལོ་ལྔའི་ཡན་ལ་འཚོ་སྡོད་བྱས་པའི་མོང་གོལ་རྒྱལ་ཁབ་ཀྱི་སྤྱི་དམངས་དག་ཙུང་ཐུང་འདེམ་བསྐོར་ཞུགས་པའི་ཐོབ་ཐང་ཡོད་པ་ཡིན།

ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有