ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨོ་སི་ཁྲུ་རི་ཡས་ཕྱོགས་ཡོངས་ནས“གྲོང་རྒྱ་སྡོམ”ཐེངས་གསུམ་པའི་བྱ་ཐབས་ལག་ལེན་བསྟར་ཡུན་རིང་དུ་བཏང་བ།

2021-01-21 10:16:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཨོ་སི་ཁྲུ་རི་ཡ་སྲིད་གཞུང་གིས་རྒྱལ་ཁབ་དེ་གས་ཕྱོགས་ཡོངས་ནས“གྲོང་རྒྱ་སྡོམ”ཐེངས་གསུམ་པའི་བྱ་ཐབས་ཟླ་2ཚེས་7ཉིན་བར་རིང་དུ་གཏོང་རྒྱུ་དང་དུས་མཚུངས། རིམས་འགོག་གཏན་འབེབས་ཁག་གཅིག་ནན་དུ་བཏང་སྟེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ནས་ངོ་འགྱུར་ཏོག་དབྱིབས་ནད་དུག་གསར་པ་ཁྱབ་མཆེད་བཀག་འགོག་བྱེད་པའི་ཁྱབ་བསྒྲགས་བྱས་པ་རེད།

ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུར་ཚེས། དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་དེས་2020ལོའི་ཟླ་12ཚེས་26ཉིན་ནས་བཟུང་ཕྱོགས་ཡོངས་ནས“གྲོང་རྒྱ་སྡོམ”ཐེངས་གསུམ་པའི་བྱ་ཐབས་ལག་བསྟར་བྱས་ཚུན། རིམས་ནད་ཚོད་འཛིན་ངེས་ཅན་ཐུབ་པ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་ཏུ་རིམས་ནད་ཚོད་འཛིན་ཅུང་ལེགས་པོ་ཐུབ་པའི་རྒྱལ་ཁབ་ཀྱི་གྲས་རེད། འོན་ཀྱང་གཏན་འཁེལ་ནད་དཔེ་གསར་པ་སྔར་བཞིན་མང་པོ་ཐོན་པ་མ་ཟད། ད་དུང་ཁྱབ་མཆེད་རང་བཞིན་ཆེན་པོ་ལྡན་པའི་ངོ་འགྱུར་ཏོག་དབྱིབས་ནད་དུག་གསར་པ་ཨོ་སི་ཁྲུ་རི་ཡར་ཁྱབ་པ་ར་འཕྲོད་བྱུང་ཡོད། སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་དང་གྲོས་བསྡུར་གང་ལེགས་བྱས་རྗེས། ཟླ་འདིའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས“གྲོང་རྒྱ་སྡོམ”མཇུག་འགྲིལ་རྒྱུའི་གཏན་འཁེལ་བྱས་པ་དེ་ཟླ་2ཚེས་7ཉིན་བར་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བརྗོད་པ་རེད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཨོ་སི་ཁྲུ་རི་ཡས་ཕྱོགས་ཡོངས་ནས“གྲོང་རྒྱ་སྡོམ”ཐེངས་གསུམ་པའི་བྱ་ཐབས་ལག་ལེན་བསྟར་ཡུན་རིང་དུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཨོ་སི་ཁྲུ་རི་ཡ་སྲིད་གཞུང་གིས་རྒྱལ་ཁབ་དེ་གས་ཕྱོགས་ཡོངས་ནས“གྲོང་རྒྱ་སྡོམ”ཐེངས་གསུམ་པའི་བྱ་ཐབས་ཟླ་2ཚེས་7ཉིན་བར་རིང་དུ་གཏོང་རྒྱུ་དང་དུས་