ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་པེ་ཅིང་དུ་འཚོགས་པ།

2021-01-21 14:47:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པས་སྤྱི་ཚེས་20ཉིན་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

གྲོས་ཚོགས་ཐོག རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚུང་པིན་གྱིས་གནང་བའི་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧུའུ་ཁོ་མིང་གིས་ཁག་སོ་སོར་གནང་བའི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ། མཚོ་ཐོག་ཉེན་རྟོག་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་བཅས་གསན་གནང་ཡོད།

རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་བཅའ་ཁྲིམས་མ་ཟིན་འདི་ཅུང་གནད་སྨིན་འཐུས་ཚང་བྱུང་འདུག་པས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་འདོན་རྒྱུའི་ངོས་འཛིན་གནང་ཡོད།

གྲོས་ཚོགས་ཐོག་བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲང་སུའུ་ཅུན་གྱིས་གསལ་བཤད་གནང་ཡོད།

ལས་གཉེར་སྨན་པ་དཀའ་བཅུ་པའི་བཅའ་ཁྲིམས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལིའུ་ཆན་གྱིས་གསལ་བཤད་གནང་ཡོད།

འདམ་ར་སྲུང་སྐྱོང་བཅའ་ཁྲིམས་ཀྱི་མ་ཟིན་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་གནང་བ་དང་། ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀའོ་ཧུའུ་ཁྲེང་གིས་གསལ་བཤད་གནང་ཡོད། ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧོ་དབྱི་ཐིང་གིས་གསལ་བཤད་གནང་ཡོད་པ་རེད།

བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་བཅོལ་ལྟར། འཕྲལ་སྒྲུབ་དོ་དམ་པུའི་པུའུ་ཀྲང་གཞོན་པ་ཧོང་མིང་གིས་གསལ་བཤད་གནང་ཡོད། སློབ་གསོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་གཞིར་གྲོས་ཞིབ་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཐེན་ཞུའེ་ཅུན་གྱིས་གསལ་བཤད་གནང་ཡོད་པ་རེད།

པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲོའུ་ཆང་གིས་གསལ་བཤད་གནང་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཐང་དབྱི་ཅུན་གྱིས་ཀྲུང་གོ་དང་པེར་ཀྲེམ་གྱི་ཉེས་ཆད་ཕོག་པའི་མི་རྩིས་སྤྲོད་དོ་དམ་བྱ་རྒྱུའི་ཆིངས་ཡིག་སྐོར་ལ་གྲོས་ཞིབ་དང་ཆོག་མཆན་འགོད་པར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གསལ་བཤད་བྱས་པ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལེ་ཡུས་ཁྲེང་གིས་ཀྲུང་གོ་དང་མོ་རོ་ཁོའི་ཁྲིད་སྐྱེལ་ཆིངས་ཡིག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་གནང་ཡོད་པ་རེད།

གྲོས་ཚོགས་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཅང་པི་ཤིན་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཝུའུ་ཧེང་། ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཡེ་སུའེ་བཅས་ཀྱིས་ཁག་སོ་སོར་གནང་བའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཨུ་ཡོན་ལྷན་ཁང་དེར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་འཐུས་མིས་བཏོན་གནང་བའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་གསན་ཡོད་པ་རེད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་རིང་། འཐུས་མི་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་གྲོས་འགོ་ཁག་9180བཏོན་པ་དང་། སྒྲུབ་འགན་འཁུར་མཁན་ཚན་པ་194ལ་གཅིག་གྱུར་ཐོག་ཞིབ་འཇུག་བདག་གཉེར་བྱ་རྒྱུར་ཕུལ་ཡོད། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཤིན་ཁྲུན་དབྱིང་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་ཁག་སོ་སོར་གནང་བའི་འཐུས་མིའི་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་བདག་གཉེར་བྱས་ཚུལ་གྱི་སྙན་ཞུ་བཅས་གསན་གནང་ཡོད། སྙན་ཞུའི་ནང་མངོན་པར། འཐུས་མིས་བཏོན་པའི་གྲོས་འགོ་ཚང་མ་བདག་གཉེར་ཚར་བ་མ་ཟད་འཐུས་མིར་ལན་བཏབ་པ་དང་། བཏོན་པའི་འདྲི་བ་རྣམས་ཐག་གཅོད་ཐུབ་པའམ་ཡང་ན་རིམ་བཞིན་ཐག་གཅོད་ཐུབ་རྒྱུའི་འཆར་གཞི་ཡོད་པས་གྲོས་འགོའི་སྤྱི་འབོར་གྱི་བརྒྱ་ཆ་71དང་གྲངས་ཆུང་28ཟིན་ཡོད་པ་རེད།

གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་གནང་བའི་སྤྱི་ལོ་2020ལོའི་ཐོ་འགོད་ཞིབ་བཤེར་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་གནང་ཡོད།

གྲོས་ཚོགས་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝུའུ་ཡུས་ལེའང་གིས་གནང་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་གསན་གནང་བ། འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་སོགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་པེ་ཅིང་དུ་འཚོགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པས་སྤྱི་ཚེས་20ཉིན་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་