ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རྒྱལ་ཁབ་འདིའི་མི་ཁྲི་878ལྷག་ཡུལ་གྱར་བར་གྱུར་འདུག

2024-04-25 17:23:00     责编:卓玛才让

     ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་24ཉིན། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། སུའུ་ཏན་གྱི་དྲག་ཆས་གདོང་ཐུག་དབང་གིས་མི་ཁྲི་878ལྷག་ཡུལ་གྱར་བར་གྱུར་བ་དང་། དེའི་ནང་ལས་མི་ཁྲི་672ཙམ་སུའུ་ཏན་རྒྱལ་ནང་དུ་གནས་ཡོད་པ་དང་། གཞན་ཡང་མི་ཁྲི་206ལྷག་རྒྱལ་མཚམས་ལས་སྒྲོལ་ནས་ཆ་ཏེ་དང་སུའུ་ཏན་ལྷོ་མ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཉེན་གཡོལ་དུ་སླེབས་ཡོད། རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས་འདི་ནི་མིག་སྔར་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་གྱར་གྱི་ཉམས་ཉེན་ཞིག་རེད་ཅེས་བརྗོད་པ་རེད།

     སྙན་ཞུའི་ནང་རྒྱལ་ས་ཁར་ཐུམ་གནས་སའི་ཁར་ཐུམ་མངའ་སྡེ་དང་དེ་བཞིན་ནུབ་རྒྱུད་ཀྱི་ཏའར་ཧྥུར་ས་ཁུལ་ནི་ཡུལ་གྱར་བའི་སྣང་ཚུལ་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཡིན་པ་དང་། སུའུ་ཏན་རྒྱལ་ནང་གི་ཡུལ་གྱར་བའི་བརྒྱ་ཆ་80ལྷག་ཙམ་ས་ཁུལ་དེ་གཉིས་ནས་ཡིན།

     2023ལོའི་ཟླ་4ཚེས་15ཉིན། སུའུ་ཏན་དྲག་ཆས་དཔུང་སྡེ་དང་འཕྲལ་སྒྲུབ་རོགས་སྐྱོར་དཔུང་སྡེའི་བར་རྒྱལ་ས་ཁར་ཐུམ་དུ་དྲག་པོའི་གདོང་ཐུག་ཐོན་པ་དང་། དེ་རྗེས་ས་ཁུལ་གཞན་དག་ལ་རྒྱ་སྐྱེད་ཡོད། གདོང་ཐུག་གི་རྐྱེན་པས་རྒྱལ་ཁབ་དེར་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་བཟོས་ཡོད།

中央广播电视总台 央广网 版权所有

རྒྱལ་ཁབ་འདིའི་མི་ཁྲི་878ལྷག་ཡུལ་གྱར་བར་གྱུར་འདུག