ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གཞོན་པ་འཛིན་བཟུང་བྱས་འདུག

2024-04-24 17:24:00     责编:娜科

  ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་23ཉིན། ཨུ་རུ་སུའི་མྱུལ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས། ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཐེ་མུར·དབྱི་དབན་ནུའོ་ཧྥུས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པས་འཛིན་བཟུང་བྱས་པ་རེད་ཅེས་བརྗོད་ཡོད།

གནས་ཚུལ་སྤེལ་བའི་ནང་། དབྱི་དབན་ནུའོ་ཧྥུས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་དོན་བཅའ་ཁྲིམས་དོན་ཚན་290པའི་ནང་གི་ལྐོག་རྔན་ལེན་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བས་འཛིན་བཟུང་བྱས་ཡོད་ཅེས་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་མང་པོ་ཕྱིར་བསྒྲགས་མེད་པ་རེད།

 

ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཐེ་མུར·དབྱི་དབན་ནུའོ་ཧྥུ།

 

ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་འབྱོར་ཟིན་པ་དང་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ལའང་འཛིན་བཟུང་བྱས་པའི་གནས་ཚུལ་སྔོན་ལ་གསལ་བཤད་བྱས་ཡོད་ཅེས་བརྗོད་ཡོད། 

གཞན་ཡང་ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་དབན་ནུའོ་ཧྥུས་ཕལ་ཆེར་ཉུང་མཐར་ཡང་ལུའུ་པུའུ་ཁྲི་100ཡི་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པས། མང་ཤོས་ལ་ལོ་15བཙོན་འཇུག་བྱ་རྒྱུ་ཡིན་པ་རེད། 

དཔྱད་ཡིག་ལས་མངོན་པར། 2016ལོའི་ཟླ་5པར་དབྱི་དབན་ནུའོ་ཧྥུ་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས་ནས་ཨུ་རུ་སུའི་དྲག་ཆས་དཔུང་སྡེའི་རྒྱུ་ནོར་དོ་དམ་དང་དཔུང་སྡེ་བཅའ་སྡོད། སྡོད་ཁང་དང་སྨན་བཅོས་རྒྱབ་སྐྱོར་སོགས་ཀྱི་ལས་དོན་ཐད་འགན་འཁུར་གྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། བཀྲ་ཤིས་རྡོ་རྗེ།
སྙན་སྒྲོན། སྒྲོལ་མ་སྐྱབས།

中央广播电视总台 央广网 版权所有

▶ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གཞོན་པ་འཛིན་བཟུང་བྱས་འདུག