ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

2024-04-23 15:38:00     责编:卓玛才让

     ཟླ་4ཚེས་22ཉིན་ནས་ཚེས་23ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད། ཁོང་སྔ་རྗེས་སུ་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གླིང་ཁུལ་དང་། ཅིའུ་ལུང་ཕོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་གྲོང་ཚོའི་སྡེ་ཁུལ། ཁྲུང་ཆིང་གྲོང་ཁྱེར་གྲངས་འཛིན་ཅན་གྱི་གྲོང་ཁྱེར་གཉེར་སྐྱོང་དང་བཅོས་སྐྱོང་ལྟེ་གནས་བཅས་སུ་ཕེབས་ནས་ས་གནས་དེ་གའི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མགྱོགས་མྱུར་ངང་འཛུགས་སྐྲུན་དང་། གྲོང་ཁྱེར་གསར་བརྗེས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་འགན་ལེན་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།