ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བཀྲ་ཤིས་ཚེ་རིང་གིས་ཡང་ཨང་དང་པོ་བླངས་འདུག

2024-04-15 14:56:00     责编:卓玛才让

     སྤྱི་ཟླ་4ཚེས་13ཉིན། སྤྱི་ལོ་2024ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་མོའི་འགྲན་བསྡུར་གྱི་ས་ཚིགས་གཉིས་པའི་སྐྱེས་པའི་སྨི་3000གི་འགོག་རྐྱེན་འགྲན་བསྡུར་ནང་བོད་ལྗོངས་ཀྱི་རུ་མི་བཀྲ་ཤིས་ཚེ་རིང་གིས་སྐར་མ་8དང་སྐར་ཆ་42.54ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་འདུག

     སྤྱི་ལོ་2024ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་མོའི་འགྲན་བསྡུར་གྱི་ས་ཚིགས་གཉིས་པའི་འགྲན་བསྡུར་དེ་སྤྱི་ཟླ་4ཚེས་13ཉིན་ནས་14ཉིན་བར་ཧང་ཀྲོའུ་ཧོང་ལུང་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་སྤེལ་ཡོད།

     རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་མོའི་འགྲན་བསྡུར་དེ་ནི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་རིམ་པ་གཉིས་པའི་འགྲན་བསྡུར་ཞིག་ཡིན་ཞིང་། ཁྱོན་ས་ཚིགས་དྲུག་ཡོད་པ་དང་། ་ཚིགས་གཉིས་པའི་འགྲན་བསྡུར་དེ་ཧང་ཀྲོའུ་རུ་སྤེལ་བ་དང་། ཁྱོན་རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་ལུས་རྩལ་པ་1000ལྷག་འགྲན་བསྡུར་ནང་ཞུགས་ཡོད།

中央广播电视总台 央广网 版权所有

བཀྲ་ཤིས་ཚེ་རིང་གིས་ཡང་ཨང་དང་པོ་བླངས་འདུག