ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

མཚོ་སྔོན་མར་སྟེང་ཆུ་ཤུཊ་གློག་ཁང་གི་གནས་ཚུལ་གསར་ཤོས།

2024-04-15 11:23:00     责编:卓玛才让

     ཟླ་4ཚེས་14ཉིན། མར་སྟེང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་4པའི་འཁོར་ཆས་དཔྱང་འདེགས་ལྷུ་སྒྲིག་བདེ་བླག་བྱུང་བ་དང་། དེའི་ཐོག་ནས་འཕྲུལ་ཚན་དེ་སྤྱིའི་སྒྲིག་སྦྱོར་དུས་མཚམས་ཀྱི་མཐའ་མའི་མཆོང་སྐྱོད་དུས་ལ་སླེབས་པ་མཚོན་ཞིང་། འཕྲུལ་ཚན་4པས་དུས་ལྟར་ལས་གཉེར་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

     མར་སྟེང་ཆུ་ཤུགས་གློག་ཁང་གི་འཁོར་ཆས་ནི་གཙོ་གཟུགས་དང་གཙོ་མདའ། རླུང་གཡབ་དབྱིབས་ཀྱི་འདེགས་སྒྲོམ། གློག་སྡུད་སྒྲིག་ཆས་སོགས་ལས་གྲུབ་ཅིང་། ཕྱི་སྒོར་གྱི་ཚངས་ཐིག་ལ་སྨི་12.8ཙམ་དང་མཐོ་ཚད་མཐོ་ཤོས་ལ་སྨི་3.08ཙམ། དཔྱང་འདེགས་ལྗིད་ཚད་དེ་ཏུན་1050ཟིན་གྱི་ཡོད་པ་དང་། དེ་ནི་ཆུ་འཁོར་གློག་འདོན་འཕྲུལ་ཚན་ཁྲོད་ལྗིད་ཚད་ལྕི་ཤོས་ཀྱི་དཔྱང་འདེགས་ལྷུ་ལག་ཅིག་ཡིན་ལ། ཆུ་འཁོར་གྱི་གློག་འདོན་འཕྲུལ་ཚན་གྱི་འཁོར་འགུལ་ལྷུ་ལག་གལ་ཆེན་ཞིག་ཀྱང་ཡིན་ཞིང་། དེ་ནི་གཙོ་བོ་ཁབ་ལེན་ར་བ་ཐོན་རྒྱུ་དང་ནུས་ཚད་བརྗེ་སྒྱུར། འཁོར་མོམ་བརྒྱུད་སྤྲོད་བཅས་ལ་སྤྱོད་རྒྱུ་རེད། གློག་འདོན་འཕྲུལ་འཁོར་གྱི་འཁོར་ཆས་ནི་ཆུ་འཁོར་གློག་འདོན་འཕྲུལ་ཚན་གྱི་ཆེས་ལྟེ་བའི་སྒྲིག་ཆས་ཡིན་པའི་ཆ་ནས། དཔྱང་འདེགས་ལྷུ་སྒྲིག་གི་ཞིབ་ཚད་ཐད་བླང་བྱ་མཐོ་བ་དང་དཀའ་ཚད་ཆེ་ཞིང་། དེ་ནི་འཕྲུལ་འཁོར་ཚན་པ་སྒྲིག་སྦྱོར་གོ་རིམ་ཁྲོད་གལ་འགངས་ཆེ་ཤོས་ཀྱི་ལས་རིམ་ཞིག་ཡིན།

     མར་སྟེང་ཆུ་ཤུགས་གློག་ཁང་གི་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི་232ཟིན་གྱི་ཡོད་པས། རྨ་ཆུའི་འབབ་རྒྱུད་ཀྱི་ས་བབ་མཐོ་ཤོས་དང་འཛུགས་སྐྲུན་བྱེད་བཞིན་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས“ནུབ་གློག་ཤར་སྐྱེལ”དང“མཚོ་སྔོན་གྱི་གློག་ཧོ་ནན་ལ་སྐྱེལ་བའི”རྐང་འཛིན་གློག་ཁུངས་ས་ཚིགས་ཤིག་ཀྱང་རེད། ངོ་སྤྲོད་བྱས་པར་གཞིགས་ན། མར་སྟེང་ཆུ་ཤུགས་གློག་ཁང་ནི་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་སྟོང་ཝ་ཁྲི་55ཟིན་པའི་འཕྲུལ་འཁོར་4དང་འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་སྟོང་ཝ་ཁྲི་12ཟིན་པའི་ཆུ་འཁོར་གློག་འདོན་འཕྲུལ་འཁོར་1ལས་གྲུབ་པ་དང་།  2024ལོའི་ལོ་མཇུག་ཏུ་གློག་ཁང་དེའི་གློག་འདོན་འཕྲུལ་ཚན་ཚང་མ་སྒྲིག་སྦྱོར་ཟིན་ནས་གློག་གཏོང་རྒྱུ་རེད། གློག་བཏང་རྗེས། སྔོན་དཔག་བྱས་ན་ཆ་སྙོམས་ལོ་རེར་གློག་འདོན་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་73.04ཟིན་རྒྱུ་དང་། དེས་ལོ་རེའི་གློག་སྤྱོད་ཚད་ཏུའུ་4000ཟིན་པའི་ཁྱིམ་ཚང་ཁྲི་182.5ཡི་གློག་གི་དགོས་མཁོ་སྐོང་ཐུབ་ཅིང་། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་220ཙམ་གྲོན་ཆུང་ཐུབ་རྒྱུ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་816ཙམ་ཉུང་དུ་གཏོང་ཐུབ་རྒྱུ། དབྱང་གཉིས་ལིའུ་འགྱུར་འབུད་ཚད་ཏུན་ཁྲི་3.04ཙམ་ཉུང་དུ་གཏོང་ཐུབ་རྒྱུ་རེད།

中央广播电视总台 央广网 版权所有

མཚོ་སྔོན་མར་སྟེང་ཆུ་ཤུཊ་གློག་ཁང་གི་གནས་ཚུལ་གསར་ཤོས།