ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

འཕྲལ་སྒྲུབ་དོ་དམ་པུའི་དེ་སྔའི་འགོ་ཁྲིད་འདིར་འདྲི་གཅོད་དང་པོ་བྱས།

2024-04-13 11:23:00     责编:娜科

   2024ལོའི་ཟླ་4ཚེས་11ཉིན།  ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས། དེ་སྔའི་འཕྲལ་སྒྲུབ་དོ་དམ་པུའུ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧྥུ་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་གཅོད་བྱས་ཡོད། 

ཧྥུ་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་སྐྱོན་འཛུགས་བྱས་དོན། 1997ལོ་ནས་2022ལོའི་བར། ཞུ་སྦྱོར་ཕྱི་མ་ཀྲང་ཧྥུ་ཧྲེང་གིས་སྤྱི་བདེ་པུའི་ཆབ་སྲིད་པུའུ་མི་དོན་སྦྱོང་བརྡར་ཅུས་ལས་ཁུངས་ལས་བྱེད་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་དང་ཁྲུའུ་ཀྲང་གཞོན་པ།  སྤྱི་བདེ་པུའི་ཆབ་སྲིད་པུའུ་བརྟག་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ། སྤྱི་བདེ་པུའི་མེ་ཟོན་ཅུས་ཉེན་རྟོག་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དང་ཅུས་གཞོན་པ་རིམ་པའི་བརྟག་ཞིབ་པ། ཅུས་ཀྲང་གཞོན་པ།  འཕྲལ་སྒྲུབ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུས་ཀྱི་ཏང་ཨུད་ཨུ་ཡོན་དང་ཅུས་ཀྲང་གཞོན་པ། འཕྲལ་སྒྲུབ་དོ་དམ་པུའི་སློབ་གསོ་སྦྱོང་བརྡར་སིའི་སི་ཀྲང་གཅིག་ལྕོགས་སོགས་ཀྱི་འགན་གནས་ཐོག་གི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གོ་གནས་ལས་ཐོབ་པའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་མི་སྒེར་རམ་ཚན་པར་རྣམ་གྲངས་འགན་གཙང་ལེན་པ་དང་། ལས་གནས་སྤོར་བ། ལས་ཀ་བསྒྱུར་བ་སོགས་ཀྱི་ཐད་ལ་རོགས་རམ་བྱས་ཤིང་། ཐད་ཀར་རམ་ཡང་ན་དམིགས་བཙུགས་འབྲེལ་བ་བྱེད་མི་བརྒྱུད་ནས་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་3893ལྷག་ཟིན་ཡོད།  ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་རྒྱུ་མཚན་དུ་བྱས་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲང་ཧྥུ་ཧྲེང་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་བ་ཞུས་ཡོད་པ་རེད། 

 

 

ཁྲིམས་རར་འདྲི་གཅོད་བྱེད་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་།  ཞུ་སྦྱོར་ཕྱི་མ་ཀྲང་ཧྥུ་ཧྲེང་དང་ཁོ་པའི་དག་འབུད་བྱེད་མཁན་གྱིས་ངོ་ཐུག་བདེན་དཔང་བྱས་ཤིང་། ཞུ་སྦྱོར་སྔ་ཕྱི་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ཡོད་བཏོན་པ་དང་། ཀྲང་ཧྥུ་ཧྲེང་གིས་མཐའ་མའི་གསལ་འདེབས་བྱས་པ་མ་ཟད།  ཁྲིམས་རའི་ཐོག་རང་ཉེས་ངོས་ལེན་དང་འགྱོད་གཤགས་བྱས་པ་རེད། ཁྲིམས་ར་འཚོགས་པའི་མཇུག་ཏུ་ཁྲིམས་རས་ཁྲིམས་ར་འཚོགས་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་གཅོད་དཔྱད་ཁྲ་དུས་ཚོད་གཞན་ཞིག་བདམས་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་བཅས་མི་བཞི་བཅུ་ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

སྒྲིག་སྒྱུར། ལྷ་སྟག་མཚོ། 

中央广播电视总台 央广网 版权所有

འཕྲལ་སྒྲུབ་དོ་དམ་པུའི་དེ་སྔའི་འགོ་ཁྲིད་འདིར་འདྲི་གཅོད་དང་པོ་བྱས།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་བཅས་མི་བཞི་བཅུ་ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་ཡོད།