ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

​དྭངས་གསལ་དུས་ཚིཊ་སུ་སྔོན་གཤེཊ་དཔའ་བོའི་ཕུཊ་རེ་རྒྱུན་འཛིན་བྱེད།

2024-04-05 11:14:00     责编:娜科

 

དྭངས་གསལ་དུས་ཚིགས་འཆར་བ་དང་བསྟུན་ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་རྗེས་དྲན་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་པོ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་བྱས་ཡོད།

 

 

 

 སྤྱི་ཟླ་4ཚེས་3ཉིན་བོད་ལྗོངས་གྲོང་ཁྱེར་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་དྭངས་གསལ་དུས་ཚིགས་དང་བསྟུན་ནས་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་དང་མི་དམངས་ཀྱི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་དཔའ་བོར་མྱ་ངན་ཞུས་པ་རེད། བརྗིད་ཉམས་ཆེ་བའི་ཏང་དར་གྱི་མདུན་དུ་ཚང་མས་ཏང་གི་དམ་ཚིག་བསྐྱར་དྲན་བྱས་ཏེ་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལག་བསྟར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་པ་རེད།

 

 

སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གྲོང་ཁྱེར་ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུའི་འཐུས་མི་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། སློབ་མའི་འཐུས་མི། ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་སོགས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་གུས་སྟབས་ཀྱིས་ལངས་པ་དང་ངག་བསྡམས་ནས་མྱ་ངན་ཞུས་རྗེས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་དེ་ལས་ཀ་དང་སློབ་སྦྱོང་ཁྲོད་དཔའ་ངར་ཆེན་པོས་བརྩོན་ལེན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སུ་བསྒྱུར་ཏེ་བྱ་སྤྱོད་དངོས་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

གསར་འགོད་པ། བསྟན་དབང་། ཚེ་ཕུན།

པར་ལེན་སྒྲིག་བཟོ། གཡུང་དྲུང་ཡེ་ཤེས།

སྙན་སྒྲོན། སྐལ་ཆོས།

中央广播电视总台 央广网 版权所有

​དྭངས་གསལ་དུས་ཚིཊ་སུ་སྔོན་གཤེཊ་དཔའ་བོའི་ཕུཊ་རེ་རྒྱུན་འཛིན་བྱེད།