▶བཀྲ་ཤིས་ཚེ་རིང་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཟླ་3ཚེས་29ཉིན། 2024ལོའི་རྒྱལ་ཡོངས་ཀྱི་ཁང་པའི་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་དེ་ཐེན་ཅིན་ཐོན་པོའོ་ལུས་རྩལ་ལྟེ་གནས་ཀྱི་ཁང་པའི་ནང་གི་མཆོང་རྒྱུག་འཕེན་གསུམ་ཁང་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གི་ལུས་རྩལ་པ་630ཞུགས་ཡོད་པ་དང་། དེ་དག་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་པ་10ཡོད་པ་རེད།
སྐྱེས་པའི་སྨི་3000གི་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་གིས་སྐར་མ་8དང་སྐར་ཆ་13དང་37གྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་། བུད་མེད་ཀྱི་སྨི་3000གི་འགྲན་བསྡུར་ནང་བསོད་ནམས་སྒྲོལ་མ་དང་དབང་འཛོམས་གཉིས་ཀྱིས་ཁག་སོ་སོར་སྐར་མ་9དང་སྐར་ཆ་48དང་53དང་སྐར་མ་9དང་སྐར་ཆ་55དང་26གི་གྲུབ་འབྲས་ཐོག་ནས་ཨང་ལྔ་པ་དང་དྲུག་པ་བླངས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན་འཇམ་དཔལ།
སྒྲིག་སྒྱུར། ཀུན་བཟང་དབང་མོ།