ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

འགྲན་བསྡུར་འདིའི་ནང་བོད་ལྗོངས་རུ་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་འདུག

2024-03-28 15:18:00     责编:卓玛才让

     གསར་འགོད་པར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ་3ཚེས་21ཉིན་ནས་26ཉིན་བར། སྤྱི་ལོ་2024ལོའི་རྒྱལ་ཡོངས་གངས་ཤུད་རི་འཛེགས་ཀྱི་རྟིང་རྩོད་འགྲན་བསྡུར་ཧེ་ལུང་ཅང་ཞིང་ཆེན་གྱི་ཡ་པུ་ལི་གངས་ཤུད་ར་བར་གཉེར་ཡོད། ཐེངས་འདིའི་འགྲན་བསྡུར་ནང་ཐད་དཔྱང་མྱུར་ཚད་འགྲན་བསྡུར་དང་། རྒྱུག་ཐུང་འགྲན་བསྡུར། མི་སྒེར་གྱི་བྱེས་བགྲོད་དང་མཉམ་འདྲེས་མཐུད་རྒྱུག་འགྲན་བསྡུར་སོགས་ཁྱོན་རྣམ་གྲངས་ཁག་བདུན་ཡོད་པ་དང་།  པེ་ཅིང་དང་ཧྲན་ཏུང་། ཀུའེ་ཀྲོའུ། ཧེ་ལུང་ཅང་། ཤིན་ཅང་། བོད་ལྗོངས་སོགས་ཞིང་ཆེན་དང་གྲོང་ཁྱེར་བཅུའི་འཐུས་མི་རུ་ཁག་གི་རུ་མི་58འགྲན་བསྡུར་ནང་ཞུགས་ཡོད།

     དུས་ཡུན་ཉིན་འགའ་ཤས་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐར་བོད་ལྗོངས་རུ་ཁག་ལ་གསེར་གྱི་རྟགས་མ་བཞི་དང་དངུལ་གྱི་རྟགས་མ་གཉིས། ཟངས་ཀྱི་རྟགས་མ་གསུམ་བཅས་དང་། དེ་བཞིན་ཨང་བཞི་པ་གཅིག་དང་། ཨང་ལྔ་པ་གཉིས། ཨང་དྲུག་པ་བཞི། ཨང་བདུན་པ་བཞི། ཨང་བརྒྱད་པ་བཞི་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

འགྲན་བསྡུར་འདིའི་ནང་བོད་ལྗོངས་རུ་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་འདུག