ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བོད་ལྗོངས་བུད་མེད། སྤུས་མཐོའི་གོང་འཕེལ་གྱི་སྟོབས་ཤུགས་གལ་ཆེན་ཞིག

2024-03-27 11:05:00     责编:卓玛才让
 

     སྤྱི་ཚེས་26ཉིན། བདེ་སྐྱིད་ཀྱི་བོད་ལྗོངས། རླབས་ཆེན་གྱི་འཕོ་འགྱུར་ཞེས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་65འཁོར་བར་དྲན་གསོ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ངོ་65རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་མྱུར་ལམ་དུ་སྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

(དཔྱད་གཞིའི་པར།)

     ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ལས་ཞུགས་སྤྱི་འབོར་ནང་བུད་མེད་ཀྱིས་བརྒྱ་ཆ་40ཡན་བཟུང་བ་དང་། མཐོ་རིམ་ཆེད་ལས་ལག་རྩལ་མི་སྣའི་ཁྲོད་བུད་མེད་ཀྱིས་བརྒྱ་ཆ་42.9བཟུང་ཡོད་ཅིང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད་པ་རེད།

     གྲངས་གཞི་ལས་མངོན་པར། བོད་ལྗོངས་ཀྱི་གཞུང་ཞབས་པའི་ནང་བུད་མེད་ཀྱིས་བརྒྱ་ཆ་33.2བཟུང་བ་དང་། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་ཨུ་ཡོན་ནང་བོད་ལྗོངས་བུད་མེད་ཀྱིས་བཟུང་བའི་བསྡུར་གྲངས་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

     དུས་མཚུངས། བོད་ལྗོངས་སུ་ཕོ་མོ་འདྲ་མཉམ་ཡིན་པའི་སྤྱི་ཚོགས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་རྒྱ་ཆེའི་བུད་མེད་ཚོ་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་པའི་གར་སྟེགས་སྔར་བས་ཡངས་པར་གྱུར་ཡོད།

中央广播电视总台 央广网 版权所有

བོད་ལྗོངས་བུད་མེད། སྤུས་མཐོའི་གོང་འཕེལ་གྱི་སྟོབས་ཤུགས་གལ་ཆེན་ཞིག