ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶འབར་གས་དོན་རྐྱེན་འདིའི་ནང་མི་95རྐྱེན་ལམ་དུ་ཤོར་འདུག

2024-01-04 16:59:00     责编:娜科

 

ས་གནས་དེ་གའི་དུས་ཚོད་ཟླ་1པོའི་ཚེས་3ཉིན། དབྱི་རན་གྱི་ཁེའར་མན་གྲོང་ཁྱེར་དུ་མུ་འབྲེལ་འབར་གས་དོན་རྐྱེན་ཐོན་ཞིང་། འབར་གས་དོན་རྐྱེན་ཐེངས་གཉིས་ཚང་མ་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ཉིའི་བང་སོར་འགྲོ་སའི་ལམ་དུ་ཐོན་པ་དང་། འབར་གས་དོན་རྐྱེན་ཐེངས་དང་པོ་དེ་ཐོན་ནས་སྐར་མ་བཅུ་ཡང་མ་འགོར་བར། འབར་གས་དོན་རྐྱེན་ཐེངས་གཉིས་པ་དེ་ཐོན་པ་རེད། 

 

 

ཤེས་རྟོགས་བྱུང་བར་གཞིགས་ན། ཁེའར་མན་གྲོང་ཁྱེར་དུ་ཐོན་པའི་མུ་འབྲེལ་འབར་གས་དོན་རྐྱེན་ཁྲོད་མི་95རྐྱེན་ལམ་དུ་ཤོར་བ་དང་། མི་211ལ་རྨས་སྐྱོན་ཕོག་ཡོད། 

དབྱི་རན་ཁེའར་མན་མངའ་སྡེའི་འགོ་འཛིན་གཞོན་པས་ཁེའར་མན་གྲོང་ཁྱེར་དུ་ཐོན་པའི་འབར་གས་དོན་རྐྱེན་གཉིས་པོ་ནི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་རེད་ཅེས་བསྟན་ཡོད། 

 

 

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་1ཚེས་3ཉིན་ནི་དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ཉི་ཨ་རིས་ལྐོག་གསོད་བྱས་ནས་ལོ་བཞི་འཁོར་བའི་ཉིན་མོ་ཡིན་པ་དང་།  དབྱི་རན་གྱིས་རྒྱལ་ས་ཏེ་ཧེ་ལན་དང་། སུའུ་ལའེ་མན་ཉིའི་ཕ་ཡུལ་ཁེའར་མན་སོགས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དྲན་གསོའི་བྱེད་སྒོ་སྤེལ་ཡོད།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། ལྷ་སྟག་མཚོ། 
སྙན་སྒྲོན། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

▶འབར་གས་དོན་རྐྱེན་འདིའི་ནང་མི་95རྐྱེན་ལམ་དུ་ཤོར་འདུག