ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

བརྒྱ་ཆ་40ཡི་སྐྲན་ནད་སྔོན་འགོག་བྱེད་ཐུབ།

2023-11-16 17:01:00     责编:娜科

 

 

སྐྲན་ནད་ནི་སྔོན་འགོག་དང་ཚོད་འཛིན་ཐུབ་པའི་ནད་རིགས་ཤིག་ཡིན་པ་དང་། བརྒྱ་ཆ་40ལྷག་གི་སྐྲན་ནད་ནི་སྐྲན་ནད་ཀྱི་ཉེན་ལྡན་རྒྱུ་རྐྱེན་ཚོད་འཛིན་བྱེད་པ་དང་འཚོ་བའི་གོམས་གཤིས་ལ་འགྱུར་བ་བཏང་ན་ཚོད་འཛིན་བྱེད་ཐུབ་པ་ཞིག་རེད།

 

 

 

དང་པོ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་གནང་དགོས། དཔེར་ན། ཐ་མག་དང་ཆང་རག་གཅོད་པ་དང་། ལུས་སྦྱོང་འོས་འཚམས་གནང་བ། ཟས་རིགས་ལུགས་མཐུན་བསྟེན་པ། ཉི་མ་བསྲོ་མི་དྲག་པ་སོགས་གནང་དགོས།

 

 

 

གཉིས་པ། སྐྲན་ནད་དང་འབྲེལ་བ་ཡོད་པའི་འགོས་ནད་འགོ་རྒྱུ་སྔོན་འགོག་གནང་དགོས། དཔེར་ན། ཕོ་གཞུག་དབྱུག་སྲིན་དང་། ནུ་མགོའི་སྐྲན་དུག  མཆིན་ཚད་ནད་དུག་སོགས་འགོ་རྒྱུ་སྔོན་འགོག་གནང་དགོས་པ་དང་། ན་སོ་བབ་པའི་མི་ཚོགས་ལ་སྔ་ཙམ་ནས་མཆིན་ནད་ཀ་པའི་རིམས་འགོག་སྨན་ཁབ་དང་HPVཡི་རིམས་འགོག་སྨན་ཁབ་རྒྱག་དགོས།

 

 

གསུམ་པ།  འཚོ་བ་དང་དུས་རྒྱུན་གྱི་ལས་ཀའི་ཁོར་ཡུག་གི་བདེ་ཐང་ལ་དོ་སྣང་གནང་དགོས་པ་དང་། ལྷག་པར་དུ་ལས་རིགས་ཀྱི་འགོག་སྲུང་ཡག་པོ་བྱས་ཏེ་སྐྲན་འབྱུང་དངོས་ཟོག་ལ་མི་རེག་པ་བྱ་དགོས།

 

 

 

བཞི་པ།  རྒྱལ་ཁབ་ཀྱིས་དར་སྤེལ་གཏོང་བའི་སྐྲན་ནད་གྲལ་བཤེར་དང་ཚད་མཐུན་གྱི་སྐྲན་འགོག་བརྟག་དཔྱད་ནང་ཧུར་ཐག་ཞུགས་ཏེ་སྔ་ཙམ་ནས་འབྲས་སྐྲན་གྱི་ཉེན་ཁ་ཤེས་རྟོགས་དང་སྔ་ཙམ་ནས་སྨན་བཅོས་གནང་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག བསྟན་འཛིན། ལྷག་པ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

བརྒྱ་ཆ་40ཡི་སྐྲན་ནད་སྔོན་འགོག་བྱེད་ཐུབ།

རྒྱལ་ཁབ་ཀྱིས་དར་སྤེལ་གཏོང་བའི་སྐྲན་ནད་གྲལ་བཤེར་དང་ཚད་མཐུན་གྱི་སྐྲན་འགོག་བརྟག་དཔྱད་ནང་ཧུར་ཐག་ཞུགས་ཏེ་སྔ་ཙམ་ནས་འབྲས་སྐྲན་གྱི་ཉེན་ཁ་ཤེས་རྟོགས་དང་སྔ་ཙམ་ནས་སྨན་བཅོས་གནང་དགོས།