ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

སྨན་ཁང་ནང་གློ་བ་བཀྲུ་བའི་བྱིས་པ་འཚང་ཁ་ཤིག་ཤིག

2023-11-14 15:56:00     责编:桑吉卓玛

སྨན་ཁང་ནང་གློ་བ་བཀྲུ་བའི་བྱིས་པ་འཚང་ཁ་ཤིག་ཤིག

       ཉེ་ཆར། སྲིན་ནད་མ་དུག་གིས་བསླངས་པའི་བྱིས་པའི་གློ་ཚད་བྱུང་དང་འབྱུང་བཞིན་པས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ནད་དུག་དེ་ལ་འགོས་ཁྱབ་རང་བཞིན་ལྡན་ནམ། གནམ་ཁབ་རྒྱག་དགོས་སམ། གློ་བ་བཀྲུ་དགོས་སམ། སྨན་ཁང་དུ་མ་ཕྱིན་པར་རང་གིས་སྨན་བསྟེན་རུང་ངམ། 

       དཔེ་གཞི་དང་པོ། ལོ་7ཅན་གྱི་གློ་ལུ་བརྒྱབ་ནས་གཟའ་འཁོར་གཅིག་འགོར་རྗེས་གློ་བའི་ངོ་བོ་འགྱུར་བ།

       ཉེ་ཆར། ཏ་ཝན་གསར་འགྱུར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་7ཡིན་པའི་བུ་ཆང་ཆང་ལ་ཚ་བ་རྒྱས་ཤིང་གློ་ལུ་རྒྱག་པའི་ནད་རྟགས་ཐོན་ནས་ཉིན་དྲུག་ཕྱིན་ཡང་ལུས་དྲོད་སྔར་བཞིན་ཏུའུ་40ཡས་མས་སུ་གནས་པས་ས་གནས་དེ་གའི་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་མོད། ནད་གཞི་དྲག་སྐྱེད་མངོན་གསལ་བྱུང་མེད་པ་རེད། 

       ཆང་ཆང་གི་ཨ་མས་དངངས་འཚབ་ལངས་བཞིན་དུ། ཕྲུ་གུར་གློ་ལུ་རྒྱག་ཤུགས་ཆེ་རུ་ཕྱིན་པས་སེམས་ཤུགས་ཀྱང་ཉམ་བཞིན་འདུག་ཟེར། མིག་སྔར་བྱིས་པ་ཧྥུའུ་ཏན་བྱིས་པའི་ཚན་ཁག་ཨན་ཧུའེ་སྨན་ཁང་དུ་བསྡད་ཡོད་པ་དང་། བྲང་ཁའི་CTབརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། མཇིང་པ་དང་བྲང་ཁའའི་སྐྱི་པགས་འོག་དང་གཞུང་བཅད་སྐྱི་མོའི་བར་གསེང་དུ་རྒྱ་ཁྱབ་རང་བཞིན་གྱི་བསགས་དབུགས་ཐོན་པ་དང་། གློ་བ་གཡོན་མའི་སྟོད་དང་གློ་བ་གཡས་པའི་སྨད་དུ་ཕོག་སླའི་ཚད་གཤིས་ནད་འགྱུར་བྱུང་བ་དང་གཡོན་གཞོགས་ཀྱི་བྲང་ཁར་བསགས་ཆུ་ཉུང་ཙམ་ཐོན་ཡོད་པ་རེད། 

 

 

       ནད་ཀྱི་གནས་ཚུལ་ལ་དཔྱད་ཞིབ་བྱས་རྗེས། སྨན་ཁང་དེའི་བྱིས་པའི་དབུགས་ལམ་ཚན་ཁག་གི་སྨན་པ་ཝང་ཡན་གྱིས་འཕྲལ་མར་གློ་ཡུ་ཡན་ལག་ཚིན་ཤེལ་གྱི་བརྟག་དཔྱད་དང་སྨན་བཅོས་བྱས། བྱིས་པའི་གློ་བུ་བྱ་སྒབ་དང་གློ་བུ་རྟེ་མིག་གི་ནང་རྟེན་འོག་རིམ་ལུད་རེང་གིས་ཡོངས་སུ་བཀག་ཡོད་པས། ལྡུག་འཁྲུད་དང་སྐམ་འདོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལུད་རེང་སེལ་བ་མ་ཟད་ནད་ལ་གཞིགས་ནས་སྨན་སྤྲད་པ་རེད།

       སྨན་བཅོས་བྱས་རྗེས། ཆང་ཆང་གི་ལུས་དྲོད་རྒྱུན་ལྡན་དུ་གྱུར་མོད། ཉིན་བཞི་ཡི་རྗེས་སུ་བྲང་ཁར་CTགློག་དཔར་བརྒྱབ་ནས་བརྟག་དཔྱད་བྱས་ཚེ། དངོས་འགྱུར་གཞི་ཁྱོན་ཐེངས་སྔོན་མ་ལས་ཆེ་རུ་ཕྱིན་འདུག་པས། སྨན་པས་ཡང་བསྐྱར་གློ་ཡུ་ཡན་ལག་ཚིན་ཤེལ་སྤྱད་དེ་གློ་ཡུའི་ནང་འགག་པའི་ལུད་རོ་གཙང་སེལ་བྱས་པ་རེད། མིག་སྔར། བྱིས་པའི་ལུས་དྲོད་རྒྱུན་ལྡན་ཡིན། མཚམས་རེར་གློ་ལུ་རྒྱག་པ་ཙམ་ལས་ནད་རྟགས་སྔོན་དང་བསྡུར་ན་མངོན་གསལ་གྱིས་ཇེ་བཟང་དུ་ཕྱིན་ཡོད། 

       ཏ་ཝན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཆང་ཆང་ཁོ་ན་ཙམ་མ་ཡིན་པར། ཉེ་དུས་བྱིས་པའི་སྲིན་ནད་མ་དུག་གིས་བསླངས་པའི་གློ་ཚད་ཕོག་མང་བ་དང་། ཕྲུ་གུ་ལ་ལར་ཐ་ན་གློ་བ་དངོས་འགྱུར་དང་གློ་བ་མི་ལྡེང་བ་སོགས་གློ་བའི་ནད་རྟགས་མངོན་གསལ་དོད་པོས་ཐོན་གྱི་ཡོད་པས། ཧྥུའུ་ཏན་བྱིས་ནད་ཚན་ཁག་གི་ཨན་ཧུའེ་སྨན་ཁང་གི་བྱིས་པའི་ནང་ཤེལ་ཁང་གི་ལས་ཀའང་བྲེལ་བ་ཚ་རུ་ཕྱིན་ཡོད། 

       ཝང་ཡན་ལགས་ཀྱིས། སྔོན་ཆད་ང་ཚོའི་ཉིན་རེའི་ཆ་སྙོམས་གློ་ཡུ་ཡན་ལག་ཚིན་ཤེལ་གྱི་བརྟག་དཔྱད་གྲངས་10ཡས་མས་ཡིན་མོད། ཉེ་ལམ་50ལྷག་ལ་སླེབས་ཡོད་པ་དང་། ཆེས་མང་དུས་བརྟག་དཔྱད་གྲངས་67ལ་སླེབས་མྱོང་། བརྟག་དཔྱད་དེ་ནི་མི་ཚོས་རྒྱུན་དུ་བཤད་པའི་གློ་བ་འཁྲུ་བའི་བརྟག་དཔྱད་ཅེས་པ་རེད་ཅེས་ཟེར། སྲིན་ནད་མ་དུག་གིས་བསླངས་པའི་གློ་ཚད་ཚབས་ཆེན་གྱིས་ལུད་རེང་འགག་ནད་སློང་སླ་བས། ཚི་སྣའི་གློ་ཡུའི་ཡན་ལག་མེ་ལོང་སྤྱད་དེ་ལུད་རེང་བསལ་ནས་དབུགས་ལམ་བཤང་དགོས།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། ཨ་བསྟན། 

中央广播电视总台 央广网 版权所有

སྨན་ཁང་ནང་གློ་བ་བཀྲུ་བའི་བྱིས་པ་འཚང་ཁ་ཤིག་ཤིག

ཉེ་ཆར། སྲིན་ནད་མ་དུག་གིས་བསླངས་པའི་བྱིས་པའི་གློ་ཚད་བྱུང་དང་འབྱུང་བཞིན་པས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ནད་དུག་དེ་ལ་འགོས་ཁྱབ་རང་བཞིན་ལྡན་ནམ། གནམ་ཁབ་རྒྱག་དགོས་སམ།