ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

རྒྱལ་རྩེའི་ནས་ཀྱི་འགྱུར་ལྡོག་ཆེན་པོ་འདིར་གཟིགས་དང་།

2023-11-09 17:50:00     责编:桑吉卓玛

རྒྱལ་རྩེའི་ནས་ཀྱི་འགྱུར་ལྡོག་ཆེན་པོ་འདིར་གཟིགས་དང་།

 

       2023ལོའི་ཟླ་10ཚེས་24ཉིན། བོད་ལྗོངས་ཀྱི་འབྲུ་མཛོད་དུ་གྲགས་པའི་རྒྱལ་རྩེ་རྫོང་དུ་ས་ཆ་དེ་གའི་འབྲུ་རིགས་གཙོ་བོ་ནས་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་། དེ་ནས་སྤྱི་ལེ་བདུན་སྟོང་ལྷག་ཙམ་སར་ཡོད་པའི་འཇར་མན་མོ་ཉི་ཧེ་གྲོང་ཁྱེར་དུ་ཀྲུང་གོའི་འཐུས་མི་རུ་ཁག་ལ་འཛམ་གླིང་རིམ་པའི་འགྲན་བསྡུར་ཞིག་ནང་བྱ་དགའ་ཨང་དང་པོ་ཐོབ་ཡོད།

 

 

       དེ་ནི་མཇུག་སྒྲིལ་མ་ཐག་པའི་IBAའཛམ་གླིང་སྒོང་བག་ལེགས་སྐྱེས་འགྲན་བསྡུར་ནང་། བོད་ལྗོངས་རྒྱལ་རྩེའི་ནས་རྒྱུ་ཆར་བྱས་པའི་སྒོང་བག་ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད་ཅིང་། རྒྱལ་རྩེའི་ནས་གླེང་གཞི་གཙོ་བོར་གྱུར་ཏེ་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་ཡོད།

      ཞིང་ལས་རྫོང་ཆེན་པོ་ཞིག་དང་། ནས་ཐོན་ཁུལ་གཙོ་བོ་ཞིག་ཡིན་པའི་ངོས་ནས་རྒྱལ་རྩེ་རྫོང་གིས་ནས་ཀྱི་ཐོན་སྐྱེད་དང་། ཐོན་འཕར་འབབ་འཕར། ལས་སྣོན་ཞིབ་ཚགས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གྱིས་ནས་ཀྱི་ལས་སྣོན་ཐོན་སྐྱེད་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད།
 

 

       རྒྱལ་རྩེའི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལམ་བུར་ཕྱིར་བལྟ་བྱེད་སྐབས། ཆེས་སྲོལ་རྒྱུན་གྱི་རྩམ་པ་དང་། ཁྱིམ་ཚང་གི་མི་ཐབས་ནས་ཆང་ནས་དེང་རབས་ཅན་གྱི་བཟོ་གྲྭ་ནས་ཐོན་པའི་ནས་ཀྱི་བག་ལེབ་དང་། ལྕགས་ཀྲིང་ནས་ཆང་སོགས་དེང་རབས་ཐོན་རྫས་བར་རྒྱལ་རྩེ་རྫོང་གིས་ཚན་ཞིབ་དང་། ལག་རྩལ། ཐོན་སྐྱེད། ཁྱབ་གདལ་སོགས་བརྒྱུད་རྗེས་འགྱུར་ལྡོག་ཆེན་པོ་ཡོང་བ་བྱས་ནས་ས་གནས་དེ་གའི་ཁེ་ལས་དང་མང་ཚོགས་ལ་ཡོང་འབབ་མི་ཉུང་བ་རག་པ་བྱས་ཡོད།

       ད་ཆ་འཛམ་གླིང་གི་གར་སྟེགས་ཐོག རྒྱལ་རྩེའི་ནས་ཀྱི་འབྱུང་འགྱུར་ལ་རེ་བ་ཆེན་པོ་འཆང་གི་ཡོད།
 

 

       སྲོལ་རྒྱུན་ནས་དེང་རབས་བར་དང་། འཛམ་གླིང་གི་ཡང་རྩེ་ནས་རྒྱལ་སྤྱིའི་གྲོང་ཁྱེར་བར། སྐད་གྲགས་མེད་པ་ནས་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་བར་ན། རྒྱལ་རྩེའི་ནས་ལ་མངའ་བ་ནི་ས་ཆ་དེ་གའི་སོ་ནམ་པ་དང་། ཞིབ་སྤེལ་ཁེ་ལས། དེ་བཞིན་གསར་སྤེལ་ཚོགས་པའི་སེམས་ནུས་ཡིན་ལ། བོད་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་རེ་ཟབ་མོ་ཡང་འདུས་ཡོད་པ་རེད།

       རྒྱལ་རྩེ་རྫོང་གིས་དེང་རབས་ཞིང་ལས་སྟོབས་ཆེན་རྫོང་དུ་འབད་བརྩོན་བྱེད་པའི་ལམ་བུའི་ཐོག ནས་ཀྱི་ཐོན་ལས་ནི་གལ་འགངས་ཧ་ཅང་ཆེ་བར་འཛིན་གྱི་ཡོད། ལྷག་པར་གྲོང་གསེབ་དར་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་འོག ནས་ཀྱི་ཐོན་ལས་ལ་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 
ཞུ་དག སྐྱིད་པོ། ལྷག་པ། 
ཡིག་སྒྱུར། བསྟན་འཛིན།

中央广播电视总台 央广网 版权所有

རྒྱལ་རྩེའི་ནས་ཀྱི་འགྱུར་ལྡོག་ཆེན་པོ་འདིར་གཟིགས་དང་།

2023ལོའི་ཟླ་10ཚེས་24ཉིན། བོད་ལྗོངས་ཀྱི་འབྲུ་མཛོད་དུ་གྲགས་པའི་རྒྱལ་རྩེ་རྫོང་དུ་ས་ཆ་དེ་གའི་འབྲུ་རིགས་གཙོ་བོ་ནས་བརྔ་བསྡུ་བྱེད་བཞིན་ཡོད་པ་དང་། དེ་ནས་སྤྱི་ལེ་བདུན་སྟོང་ལྷག་ཙམ་སར་ཡ