ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

AIརིག་ནུས་སྤྱད་དེ་མགོ་སྐོར་གཏོང་བར་དོགས་ཟོན་མཛོད།

2023-11-08 09:26:00     责编:桑吉卓玛

AIརིག་ནུས་སྤྱད་དེ་མགོ་སྐོར་གཏོང་བར་དོགས་ཟོན་མཛོད།

       ཉེ་ཆར། བརྙན་ལམ་དྲ་ཚིགས་ཐོག་ནས་མི་ཐབས་རིག་ནུས་ལ་བརྟེན་ནས་ངོ་གདོང་བརྗེ་བ་དང་། རང་རྒྱལ་གྱིས་བཟོས་པའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ནང་གི་མི་སྣ་གཙོ་བོས་དབྱིན་སྐད་ཐོག་ནས་འཁྲབ་ཚིག་བཤད་ཐུབ་ཅིང་། མཉེན་ཆས་སྤྱོད་མཁན་གྱིས་ཀྱང་རང་ཉིད་གློག་བརྙན་ནང་གི་མི་སྣར་བསྒྱུར་ནུས་ཀྱི་ཡོད་པ་རེད། ང་ཚོར་ལག་རྩལ་གསར་པས་སྤྲོ་སྣང་སྟེར་བ་དང་དུས་མཚུངས་སུ། AIརིག་ནུས་ཀྱིས་ངོ་གདོང་བརྗེ་བའི་མགོ་སྐོར་གཏོང་སྟངས་གསར་པ་ཞིག་ཀྱང་ཐོན་ཡོད་པ་རེད། མི་རིང་བའི་གོང་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་པེ་ཅིང་ལྟ་སྐུལ་དོ་དམ་ཅུས་ཀྱིས་AIརིག་ནུས་ཀྱིས་ངོ་གདོང་བརྗེ་བར་སོགས་མགོ་སྐོར་གཏོང་སྟངས་གསར་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
 

 

       ཆིང་ཏའོ་ཡི་སློབ་ཆེན་སློབ་མ་ཞིག་དང་དེའི་དྲ་ཐོག་ནས་ངོ་ཤེས་བྱུང་བའི་དགའ་རོགས་བུ་མོ་གཉིས་བརྙན་ལམ་གླེང་མོལ་བྱེད་སྐབས། བུ་མོ་དེས་མ་དངུལ་འཁོར་རྒྱུག་བྱེད་དགོས་ཞེས་བཤད་པར་བུ་དེས་དངུལ་བསྐུར་ཚར་རྗེས་མགོ་སྐོར་འོག་ཚུད་པ་གཞི་ནས་ཤེས།

 

 

       ཀོང་ཏུང་ཧྲེན་ཀྲེན་གྱི་ཚན་རྩལ་ཀུང་སི་ག་གེ་མོའི་ཐོན་རྫས་པུའུ་ཡི་གཉེར་བ་ལིའང་ཡཱ་ཐིང་གིས། དཔང་རྟགས་ལས་མངོན་པར། ཁོང་དང་གླེང་མོལ་བྱེད་མཁན་དེ་ནི་ཁོང་གི་དགའ་རོགས་མིན་པར་མི་དེས་རྟོག་བཟོའི་བརྙན་མིག་བརྒྱུད་དེ་AIརིག་ནུས་ཀྱི་ངོ་གདོང་བརྗེ་བའི་བྱེད་ནུས་ལ་བརྟེན་ནས་ཁོ་ལ་མགོ་བསྐོར་བཏང་ཡོད་ཅེས་བརྗོད་ཡོད། 

 

 

       AIརིག་ནུས་ཀྱིས་གང་འདྲ་བྱས་ནས་བརྙན་ལམ་ནས་ཁ་པར་རྒྱག་དུས་ངོ་གདོང་བརྗེ་ཐུབ་པ་རེད་ཞེ་ན། གསར་འགོད་པས་སྤྱི་བདེ་ལས་ཁུངས་ལ་ལག་རྩལ་རྒྱབ་སྐྱོར་བྱེད་བཞིན་པའི་ཚན་རྩལ་ཀུང་སི་ཞིག་ནས་མཐོང་བར་དེས་འདྲ་བཟོ་བྱེད་ཚད་80%ཟིན་གྱི་ཡོད། 

      གསར་འགོད་པས་ཡུལ་ངོས་ནས་མཐོང་བར། སྒྲིག་སྦྱོར་མཐོ་བའི་གློག་ཀླད་གཅིག་གིས་སྐར་ཆ་10ཡི་རིང་གི་ངོ་གདོང་བརྗེ་བའི་བརྙན་ཐུང་ཞིག་བཟོ་བར་སྐར་མ་གཅིག་གཉིས་ལས་འགོར་གྱི་མེད་པར་མ་ཟད། ལག་རྩལ་འཕེལ་རྒྱས་བྱུང་བར་བརྟེན། གོང་གསལ་གྱི་གྱོད་གཞིའི་ནང་གི་བརྙན་ལམ་ནས་སྐད་ཆ་ཤོད་སྐབས་དུས་ཐོག་ལ་ངོ་གདོང་བརྗེ་རྒྱུ་དེའང་དཀའ་གནད་ཅིག་མིན་པ་རེད།
 

 

       ཀོང་ཏུང་ཧྲེན་ཀྲེན་གྱི་ཚན་རྩལ་ཀུང་སི་ཞིག་གི་ཐོན་རྫས་པུའུ་ཡི་ཅིང་ལི་ལུའུ་ཡུན་ཡང་གིས། འདྲ་པར་ཡར་བཏང་རྗེས་ཧ་ལམ་སྐར་ཆ་30ཡི་དུས་ཚོད་ནང་པར་གྱི་ཁྱད་ཆོས་ལ་དབྱེ་འབྱེད་བྱས་ནས་དུས་ཐོག་ཏུ་འདྲ་བཟོ་ཐུབ་ཀྱི་ཡོད། ཁྱེད་ཀྱི་དབུ་བརྙན་ཡིན་ནའང་འདྲ། ཡང་ན་ཁྱོད་ཀྱི་གྲོགས་ཚོམས་ནང་གི་འདྲ་པར་ཆུང་ཆུང་ཞིག་ཡིན་ནའང་འདྲ། ཚང་མ་ཐད་ཀར་ཡར་གཏོང་ཆོག་གི་ཡོད་ཅེས་བཤད།
 

 

       AIརིག་ནུས་ཀྱིས་བཟོས་པའི་ལག་རྩལ་མུ་མཐུད་ཡར་རྒྱས་འགྲོ་བཞིན་ཡོད། དཔེར་ན་ཕོ་མོ་བརྗེ་རེས་དང་། སྐད་ཀྱི་བརྗེ་འགྱུར་ཚང་མ་མཉམ་དུ་སྤེལ་ཆོག ལག་རྩལ་དེ་ཀུན་ལ་སྒོ་འབྱེད་བྱས་ཡོད་པས་སྤྱིར་བཏང་གི་བཟོ་འགོད་པ་ཞིག་གིས་གདོང་སྒྱུར་མཉེན་ཆས་ཤིག་བཟོ་ཐུབ་ཅིང་། དེས་འགོ་ཁུངས་ནས་ཚོད་འཛིན་བྱེད་པར་དཀའ་ངལ་ཆེན་པོ་བཟོས་ཡོད།

       ཕ་རོལ་པོ་འགུལ་སྐྱོད་བྱེད་དུ་བཅུག་པ་བརྒྱུད་ནས་AIརིག་ནུས་ཀྱིས་ངོ་གདོང་བརྗེ་མཁན་གྱི་རྫུན་རྐུབ་བརྟོལ་ཐུབ།

      AIརིག་ནུས་ཀྱི་ལག་རྩལ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པར་བརྟེན། ངོ་གདོང་བརྗེས་ཟིན་པའི་བརྙན་གྱི་བདེན་རྫུན་འབྱེད་དཀའ་བས། ང་ཚོས་ཇི་ལྟར་བྱས་ནས་མགོ་སྐོར་གཏོང་སྟངས་དེ་རིགས་འོག་མི་ཚུད་པ་བྱེད་དགོས་སམ་ཞེ་ན། གཤམ་གྱི་བརྙན་ཐུང་ལ་གཟིགས་པར་ཞུ། ↓↓↓
 

△ ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་《དུས་ཚོད་དང་པོ》ཞེས་པའི་ལེ་ཚན་གྱི་བརྙན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

AIརིག་ནུས་སྤྱད་དེ་མགོ་སྐོར་གཏོང་བར་དོགས་ཟོན་མཛོད།

ཉེ་ཆར། བརྙན་ལམ་དྲ་ཚིགས་ཐོག་ནས་མི་ཐབས་རིག་ནུས་ལ་བརྟེན་ནས་ངོ་གདོང་བརྗེ་བ་དང་། རང་རྒྱལ་གྱིས་བཟོས་པའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་ནང་གི་མི་སྣ