ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

​▶ལྐོག་རྔན་སྒོར་དུང་ཕྱུར་2.16བླངས་པའི་འགོ་ཁྲིད་འདིར་་་

2023-10-28 10:40:00     责编:娜科

ལྐོག་རྔན་སྒོར་དུང་ཕྱུར་2.16བླངས་པའི་འགོ་ཁྲིད་འདིར་འདྲི་ཞིབ་བྱས་འདུག

 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་2023ལོའི་ཟླ་10ཚེས་26ཉིན། ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཞིང་ཆེན་དཔོན་གཞོན་པ་ཚའོ་ཀོང་ཅིང་གིས་ལྐོག་རྔན་བླངས་པ་དང་ནང་ཁུལ་གྱི་གསང་བ་ཕྱི་ལ་ཤོར་དུ་བཅུག་པའི་གྱོད་གཞི་ལ་འདྲི་ཞིབ་བྱས། 

ཞུས་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན།སྤྱི་ལོ་2004ལོ་ནས་སྤྱི་ལོ་2022ལོའི་བར་དུ། ཞུ་སྦྱོར་ཕྱི་མ་བ་ཚའོ་ཀོང་ཅིང་གིས་ཀྲུང་གོའི་འབྲི་ཆུ་འགག་གསུམ་བཟོ་གྲྭ་གསར་སྤེལ་གྱི་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཙུང་ལི་གཞོན་པ་དང་། ཀྲུང་གོ་འབྲི་ཆུ་འགག་གསུམ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཙུང་ལི་གཞོན་པ། སྤྱི་ཁྱབ་ལས་འཛིན་པ།  ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དཔོན་གཞོན་པ་སོགས་གོ་གནས་ཐད་ཀྱི་སྟབས་བདེ་སྤྱད་པ་དང་། དེ་མིན་འགན་དབང་ངམ་ཡང་ན་གནས་བབ་ཐད་ཀྱི་སྟབས་བདེའི་ཆ་རྐྱེན་བེད་སྤྱད་དེ་འབྲེལ་ཡོད་སྡེ་ཚན་དང་། མི་སྒེར་ལ་ཁེ་ལས་གཉེར་སྐྱོང་དང་། བཟོ་གྲྭ་འགན་ལེན། རྣམ་གྲངས་གསར་སྤེལ། གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས། གཞན་ད་དུང་ཚའོ་ཀོང་ཅིན་གྱིས་ཧུའུ་པེ་ཞིང་ཆེན་གྱི་ཞིང་ཆེན་དཔོན་གཞོན་པའི་འགན་འཁུར་བའི་སྐབས་སུ། ཧུའུ་པེ་ཞིང་ཆེན་གྱི་ཁྲོམ་འགྲེམས་ཀུང་སི་ཞིག་གི་མ་རྐང་ཚོད་འཛིན་ཀུང་སིའི་དཀའ་ངལ་བསེལ་ནས་བསྐྱར་སྒྲིག་བྱེད་པའི་དོན་དག་ལ་གཙོ་ཁྲིད་བྱས། 

སྤྱི་ལོ་2021ལོའི་ཟླ་1པར། ཚའོ་ཀོང་ཅིང་གིས་དཀའ་སེལ་བསྐྱར་སྒྲིག་གི་ནང་ཁུལ་ཆ་འཕྲིན་མི་གཞན་ལ་བཤད་པས། མི་གཞན་པས་ནང་ཁུལ་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་གོང་ཁྲོམ་འགྲེམས་ཀུང་སིའི་མ་རྐང་འཛིན་ཤོག་དེ་ཉོས་པ་དང་། དེའི་རྗེས་ནས་མ་རྐང་འཛིན་ཤོག་སྒོར་ཁྲི་1042ལྷག་བྱས་ནས་བཙོངས། གཞུང་གཏུག་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་དང་ནང་ཁུལ་ཆ་འཕྲིན་ཕྱི་ལ་བསྒྲགས་པའི་ཉེས་པ་བསགས་པར་ཚའོ་ཀོང་ཅིང་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་བ་ཞུས། 

ཁྲིམས་སའི་འདྲི་གཅོད་ཁྲོད་དུ། གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་ནས་ཞུ་སྦྱོར་ཕྱི་མ་བ་ཚའོ་ཀོང་ཅིན་དང་ཁོའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ་དང་། རྩོད་བཤེར་ཕྱོགས་གཉིས་ཀྱིས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན། ཚའོ་ཀོང་ཅིང་གིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད་ཁྲིམས་ར་ནས་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས། ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་བྱེད་མཚམས་བཞག་སྟེ་དུས་ཚོད་བདམས་ནས་དཔྱད་མཚམས་བྱ་རྒྱུ་ཁྱབ་བསྒྲགས་བྱས། 

རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། སྲིད་གྲོས་ཨུ་ཡོན།  སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་40ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། སྙན་དབྱངས། 

中央广播电视总台 央广网 版权所有

​▶ལྐོག་རྔན་སྒོར་དུང་ཕྱུར་2.16བླངས་པའི་འགོ་ཁྲིད་འདིར་་་