ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

​​སྤྱི་ལོ་2023ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག

2023-10-07 16:02:00     责编:娜科

པེ་ཅིང་དུས་ཚོད་སྤྱི་ཟླ་10ཚེས་5ཉིན། སྤྱི་ལོ་2023ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་ཤིང་། ནོར་ཝེའི་རྩོམ་པ་པོ་ཅའོ་ཨེན་·ཧྥུའུ་སིར་(Jon Fesse)བྱ་དགའ་དེ་ཐོབ་འདུག ཁོང་ལ་བྱ་དགའ་དེ་སྩོལ་བའི་རྒྱུ་མཚན་ནི་གསར་གཏོད་ཀྱི་ཟློས་གར་དང་ལྷུག་རྩོམ་གྱིས་སྐད་བརྡའི་ཐོག་ནས་མཚོན་ཐབས་བྲལ་བའི་བྱ་དངོས་མངོན་པར་བྱས་པས་རེད།

 

 

ནོ་པེལ་བྱ་དགའི་སྐོར།

ནོ་པེལ་བྱ་དགའ་དེ་ནི་ནོ་པེལ་གྱིས་སྤྱི་ལོ་1895ལོའི་ཞལ་ཆེམས་ལྟར་བཙུགས་པའི་བྱ་དགའ་ཞིག་ཡིན་ཞིང་། བྱ་དགའི་ནང་དངོས་ཁམས་རིག་པའི་བྱ་དགའ་དང་རྫས་འགྱུར་རིག་པའི་བྱ་དགའ། ཞི་བདེའི་བྱ་དགའ། སྐྱེ་ཁམས་རིག་པའམ་གསོ་བ་རིག་པའི་བྱ་དགའ། རྩོམ་རིག་བྱ་དགའ་བཅས་རིགས་ལྔ་ཚུད་ཡོད། དེའི་དམིགས་ཡུལ་ནི་དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པ། ཞི་བདེ། སྐྱེ་ཁམས་རིག་པའམ་གསོ་རིག་བཅས་དང་དེ་བཞིན་རྩོམ་རིག་བཅས་ཐད་མིའི་རིགས་ལ་བྱས་རྗེས་རླབས་པོ་ཆེ་འཇོག་མཁན་གྱི་མི་སྣར་གཟེངས་བསྟོད་གནང་ཆེད་ཡིན་པ་དང་། སུའེ་ཏེན་ཀྲུང་དབྱང་དངུལ་ཁང་གིས་སྤྱི་ལོ་1968ལོར་བཙུགས་པའི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་དེ་ནི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་སུ་བྱས་རྗེས་ཕུལ་བྱུང་འཇོག་མཁན་ལ་གཟེངས་བསྟོད་བྱ་ཆེད་ཡིན་པ་རེད།

 

ནོ་པེལ་རྩོམ་རིག་བྱ་དགའི་སྐོར།

བྱ་དགའ་འདིའི་དམིགས་ཡུལ་ནི་རྩོམ་རིག་ཁྱབ་ཁོངས་ནང་ཕུགས་བསམ་ལ་ཕྱོགས་པའི་རྩེར་སོན་བརྩམས་ཆོས་གསར་རྩོམ་གནང་མཁན་ལ་གཟེངས་བསྟོད་བྱ་ཆེད་ཡིན་ཞིང་། སྤྱི་ལོ་2012ལོར་མོ་ཡན་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་དང་ཁོང་ནི་བྱ་དགའ་དེ་ཐོབ་མཁན་གྱི་ཀྲུང་གོའི་རྩོམ་པ་པོ་ཐོག་མ་ཡིན་པ་རེད།

ནོ་པེལ་བྱ་དགའི་གཞུང་ཕྱོགས་དྲ་བའི་ཐོག ནོ་པེལ་རྩོམ་རིག་བྱ་དགའ་དེ་ལོ་རེར་དཔྱད་འདེམས་ཐེངས་རེ་དང་བྱ་དགའ་ཐེངས་རེ་སྤྲོད་པ་དང་། སུའེ་ཏེན་རྩོམ་རིག་སློབ་གླིང་གིས་གསེར་གྱི་རྟགས་མ་གཅིག་དང་ལག་ཁྱེར་གཅིག བྱ་དགའི་དངུལ་བཅས་སྩོལ་གྱི་ཡོད། སྤྱི་ལོ་2022ལོའི་བར་ཁྱོན་མི་119བྱ་དགའ་དེ་ཐོབ་པ་དང་དེའི་ནང་ཐེངས་115མི་སྒེར་ལ་ཐོབ་པ་དང་ཐེངས་4མི་གཉིས་ལ་དུས་གཅིག་ཏུ་སྩོལ་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། ཚེ་ཕུན།

ཡིག་སྒྱུར། རིག་འཛིན་སྐྱིད། 

中央广播电视总台 央广网 版权所有

​​སྤྱི་ལོ་2023ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག