ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ཀྲུང་གོའི་དྲ་བར་འཇབ་རྒོལ་བྱེད་མཁན་ཨ་རིའི་མགྲོན་ནག་དེ་ཤེས་འདུག

2023-09-16 12:40:00     责编:娜科

ཉེ་ཆར། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་དང་360ཀུང་སི་ཡིས“དུས་ཆད་ཐེངས་གཉིས་པ”ཞེས་པའི་གསང་མྱུལ་མཉེན་ཆས་ཤིག་ལ་ལག་རྩལ་དབྱེ་ཞིབ་བྱས་པ་དང་དབྱེ་ཞིབ་སྙན་ཞུ་ལས་མངོན་པར། མཉེན་ཆས་དེ་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་(NSA)ཀྱིས་གསར་སྤེལ་བྱས་པའི་དྲ་རྒྱའི་གསང་མྱུལ་མཚོན་ཆ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་360ཀུང་སི་དང་མཉམ་དུ་ནུབ་བྱང་བཟོ་ལས་སློབ་ཆེན་ལ་གཞོགས་འདེགས་བྱས་ནས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་དྲ་རྒྱའི་འཇབ་རྒོལ་གྱོད་གཞིར་མྱུལ་ཞིབ་བྱེད་པའི་བརྒྱུད་རིམ་ནང་གསང་མྱུལ་མཉེན་ཆས་དེའི་མ་དཔེ་མང་པོ་བླངས་པ་དང་འབྲེལ་དྲ་རྒྱའི་གསང་མྱུལ་བྱ་སྤྱོད་དེའི་རྒྱབ་ཀྱི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ལས་དོན་མི་སྣའི་ཐོབ་ཐང་ངོ་མ་གཏན་འཁེལ་བྱས་པ་རེད།

ལག་རྩལ་དབྱེ་ཞིབ་སྙན་ཞུ་ལས་མངོན་པར། “དུས་ཆད་ཐེངས་གཉིས་པའི”གསང་མྱུལ་མཉེན་ཆས་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་གསར་སྤེལ་བྱས་པའི་དྲ་རྒྱའི་གསང་མྱུལ་མཚོན་ཆ་ཞིག་ཡིན་པ་དང་། མཉེན་ཆས་དེས་དྲ་རྒྱའི་བཞུར་ཚད་ལྐོག་ཉན་བཙན་ཁྲིད་དང་། བར་མིས་འཇབ་རྒོལ། ཚབ་ཨང་འཛུགས་པ་སོགས་ཀྱི་བྱེད་ནུས་ངན་པ་སྒྲུབ་ཐུབ་ཀྱི་ཡོད་ལ།  དེ་དང་བསམ་ངན་མཉེན་ཆས་གཞན་དག་གཞོགས་འདེགས་བྱས་ཚེ་རྙོག་འཛིང་ཆེ་བའི་དྲ་རྒྱའི་“གསང་མྱུལ”གྱི་བྱེད་སྒོ་ལེགས་སྒྲུབ་བྱེད་ཐུབ་ཀྱི་ཡོད་པ་རེད།

རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཏུའུ་ཀྲེན་ཧྭ་ཡིས། མཉེན་ཆས་དེ་ནི་ལག་རྩལ་ཆུ་ཚད་མཐོ་བའི་དྲ་རྒྱའི་གསང་མྱུལ་ལག་ཆ་ཞིག་ཡིན་པས་ཚུར་རྒོལ་བྱེད་མཁན་གྱིས་ཚུར་རྒོལ་བྱེད་སའི་(དམིགས་ཚད)དྲ་རྒྱའི་སྒྲིག་ཆས་དང་དེ་བཞིན་དྲ་རྒྱའི་སྒྲིག་ཆས་དེ་དག་བརྒྱུད་དེ་དྲ་རྒྱའི་འགྲོ་སྐྱོད་བྱེད་ཚད་ཁྱོན་ཡོངས་ནས་རྩིས་ལེན་བྱས་ཏེ་དམིགས་ཚད་དྲ་རྒྱའི་ཁྲོད་ཀྱི་འཕྲུལ་འཁོར་གཙོ་བོ་དང་སྤྱོད་མཁན་ལ་དུས་ཡུན་རིང་པོའི་ནང་རྐུ་རྒྱག་ཐུབ་པ་དང་། དུས་མཚུངས་སུ་དུས་རིམ་རྗེས་མའི་ཚུར་རྒོལ་གྱི་“མདུན་སྐྱོད་རྟེན་གཞི”ཞིག་ཏུ་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་དམིགས་འབེན་དྲ་རྒྱའི་ཁྲོད་དེ་བས་མང་བའི་དྲ་རྒྱའི་མཚོན་ཆ་འདོན་སྤྲོད་བྱ་ཐུབ་ཅེས་བརྗོད།

སྙན་ཞུའི་ནང་རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་དང་360ཀུང་སིས་ལས་རིགས་ནང་ཁུལ་གྱི་མཉམ་ལས་རོགས་ཟླ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ལག་རྩལ་བརྟག་དཔྱད་བྱེད་པ་དང་རིམ་པ་རེ་རེ་བཞིན་རྩད་གཅོད་བྱས་པ་བརྒྱུད་རྒྱལ་ཁབ་ཁག་ཏུ་ཁྱབ་པའི་དྲ་རྒྱའི་སྒྲིག་ཆས་སྟོང་ཕྲག་གི་ཁྲོད་དུ“དུས་ཆད་ཐེངས་གཉིས་པའི”གསང་མྱུལ་མཉེན་ཆས་དང་། དེ་བཞིན་དེ་ལས་ཐོན་པའི་པར་གཞི་སྔར་བཞིན་སྤྱོད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་དང་འབྲེལ་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་རྒྱང་རིང་ཚོད་འཛིན་བྱས་པའི་མཆོང་འཕག་ཞབས་ཞུའི་འཕྲུལ་ཆས་ཤེས་རྟོགས་བྱུང་།  དེའི་ཁྲོད་མང་ཆེ་བ་འཇར་མན་དང་། ལྗར་པན། ལྷོ་ཁོ་རེ་ཡ། རྒྱ་གར། ཀྲུང་གོའི་ཐའེ་ཝན་སོགས་སུ་ཁྱབ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།

中央广播电视总台 央广网 版权所有

▶ཀྲུང་གོའི་དྲ་བར་འཇབ་རྒོལ་བྱེད་མཁན་ཨ་རིའི་མགྲོན་ནག་དེ་ཤེས་འདུག

སྙན་ཞུའི་ནང་རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་དང་360ཀུང་སིས་ལས་རིགས་ནང་ཁུལ་གྱི་མཉམ་ལས་རོགས་ཟླ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ལག་རྩལ་བརྟག་དཔྱད་བྱེད་པ་དང་རིམ་པ་རེ་རེ་བཞིན་རྩད་གཅོད་བྱས་པ་བརྒྱུད་རྒྱལ་ཁབ་ཁག་ཏུ་ཁྱབ་པའི་དྲ་རྒྱའི་སྒྲིག་ཆས་སྟོང་ཕྲག་གི་ཁྲོད་དུ