ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

སྐད་འཕྲིན་ཐད་ཛ་དྲག་གི་དྲན་སྐུལ་ཞིག་འདུག

2023-08-23 16:48:00     责编:桑吉卓玛

སྐད་འཕྲིན་ཐད་ཛ་དྲག་གི་དྲན་སྐུལ་ཞིག་འདུག

       ཉེ་ཆར། སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་སྐད་འཕྲིན་ཚོགས་པས་སྤྱོད་མཁན་ལ“ཧ་ལས་བཀབ་སྒམ་”གཏན་ནས་བསྐུར་མེད་པས་དེ་དོན་ཀུན་གྱིས་མགོ་སྐོར་འོག་མི་ཚུད་པ་བྱ་དགོས་པའི་དྲན་སྐུལ་བྱས་ཡོད།

       ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་སྐད་འཕྲིན་ཚོགས་པར་སྤྱོད་མཁན་གྱིས་ཚུར་ལན་བྱས་པར། མི་འགར“སྐད་འཕྲིན་ཚོགས་པའི”མིང་ཐོག་ནས་བསྐུར་བའི“ཧ་ལས་བཀབ་སྒམ”འབྱོར་ཞིང་། དེའི་ནང་རྩ་གཉིས་ཨང་རྟགས་པར་དུ་བཏབ་པའི་བྱང་བུ་གཅིག་བཅུག་ཡོད་པ་རེད།

       སྐད་འཕྲིན་ཚོགས་པས་གསལ་བསྒྲགས་སྤེལ་ནས་སྐད་འཕྲིན་ཚོགས་པས་སྤྱོད་མཁན་ལ“ཧ་ལས་བཀབ་སྒམ”གཏན་ནས་བསྐུར་མེད་པ་དང་དེའི་ནང་གི་རྩ་གཉིས་ཨང་རྟགས་ནི་ཁ་བསླུས་རྒྱག་བྱེད་ཀྱི་རྩ་གཉིས་ཨང་རྟགས་ཡིན་པས་རྒྱ་ཆེའི་སྤྱོད་མཁན་གྱིས་བཤར་འབེབས་གཏན་ནས་བྱ་རུང་ཞེས་བརྗོད་འདུག
 

 

 

 

       བདེ་འཇགས་ལྟེ་གནས་ཀྱིས་རྒྱ་ཆེའི་སྤྱོད་མཁན་ལ་ཡོང་ཁུངས་མི་གསལ་བའི་རྩ་གཉིས་རྟགས་བཤེར་འབེབས་མི་བྱེད་པ་དང་། རིན་མེད་ལག་རྟགས་སྤྲོད་པ་དེ་ནི་དམིགས་ཡུལ་ངན་པ་བཅངས་ཡོད་པ་ཞིག་ཡིན་པས་ཁེ་ཕན་ཆུང་ཆུང་ཞིག་གི་ཕྱིར་ཁ་བསླུས་མ་ཐེབས་པ་བྱོས་ཞེས་དྲན་སྐུལ་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 
ཞུ་དག བསྟན་འཛིན།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་།

 

中央广播电视总台 央广网 版权所有

སྐད་འཕྲིན་ཐད་ཛ་དྲག་གི་དྲན་སྐུལ་ཞིག་འདུག

ཉེ་ཆར། སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་སྐད་འཕྲིན་ཚོགས་པས་སྤྱོད་མཁན་ལ“ཧ་ལས་བཀབ་སྒམ་”གཏན་ནས་བསྐུར་མེད་པས་དེ་དོན་ཀུན་གྱིས་མགོ་སྐོར་འོག་མི་ཚུད་པ་བྱ་དགོས་