ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

▶ས་འདིར་བྱི་རིམས་ནད་པ་3ཐོན་འདུག

2023-08-15 16:30:00     责编:娜科

     ནང་སོག་ཞི་ལིན་ཀུའོ་ལེ་ས་ཁུལ་སུའུ་ཉི་ཐེ་ཡིའུ་རྫོང་སྲིད་གཞུང་གི་གཞུང་ཕྱོགས་དྲ་བའི་ཐོག་བརྡ་ཐོ་བཏང་བ་ལྟར་ན། སྤྱི་ཟླ་8ཚེས་12ཉིན། སུའུ་ཉི་ཐེ་ཡིའུ་རྫོང་གིས་བྱི་རིམས་ཕོག་པའི་ནད་པ་2སྙན་ཞུ་བྱས་པ་དང་། དེ་ནི་སྤྱི་ཟླ་8ཚེས་7ཉིན་བྱི་རིམས་ཕོག་པ་གཏན་འཁེལ་བའི་ནད་པའི་ཁྱོ་ག་དང་བུ་མོ་ཡིན་པ་དང་། ཁོང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནང་འཚོ་སྡོད་བྱེད་ཀྱི་ཡོད།  འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཚང་མ་བླང་བྱ་ལྟར་དུས་ཐོག་ཏུ་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་བྱས་པ་དང་ཚང་མར་རྒྱུན་གཏན་མིན་པའི་གནས་ཚུལ་གང་ཡང་ཐོན་མེད། 

 

རྒྱུ་ཆའི་པར།

 

     རིགས་གཅིག་མཁས་པས་རྒྱ་ཆེའི་སྤྱི་དམངས་ལ་དྲན་སྐུལ་བྱས་པར། བྱི་རིམས་ནི་འགོག་ཐུབ་པ་དང་། བཅོས་ཐུབ་པ། ཚོད་འཛིན་ཐུབ་པ་བཅས་ཡིན་པས་རྒྱ་ཆེའི་སྤྱི་དམངས་ཀྱིས་ངོས་འཛིན་ཡང་དག་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་དགོས།  དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་མི་བཟོ་བ་བཅས་བྱེད་དགོས།  མང་ཚོགས་ཀྱིས་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའམ་ཡང་ན་ལས་ཀ་བྱེད་དུས་དོར་མ་རིང་པོ་དང་ཕུ་ཐུང་ཡོད་པའི་སྟོད་གོས་གྱོན་དགོས་པ་དང་།  བྱི་བ་དང་།  རི་བོང་སོགས་ཀྱི་དོང་ཕུག་གི་མཐའ་སྐོར་དུ་ངལ་གསོ་རྒྱག་མི་རུང་།  སྲོག་ཆགས་ཀྱི་དོང་ཕུག་སྔོག་པ་དང་རི་དྭགས་རྔོན་པ། ཟས་ལེན་པ། རི་སྐྱེས་སྲོག་ཆགས་ལ་རེག་ཐུག་བྱེད་པ་སོགས་བྱ་མི་རུང་།  གལ་ཏེ་ཚ་བ་རྒྱས་པ་དང་། གློ་ལུ་བ། རྨེན་མདུད་སྐྲངས་པ། གྲོད་ཁོག་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ན་དུས་ཐོག་ཏུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་གྲལ་བཤེར་བྱེད་དུ་འགྲོ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག  མིག་དམར་རྒྱ་མཚོ།  

ཡིག་སྒྱུར། སྙན་དབྱངས།

中央广播电视总台 央广网 版权所有

▶ས་འདིར་བྱི་རིམས་ནད་པ་3ཐོན་འདུག