ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

སྐད་འཕྲིན་ཚོགས་པ་ཞིག་ཏུ་འཛུལ་རྗེས་སྒོར་ཁྲི་10མེད་པར་གྱུར།

2023-08-09 11:05:00     责编:桑吉卓玛

སྐད་འཕྲིན་ཚོགས་པ་ཞིག་ཏུ་འཛུལ་རྗེས་སྒོར་ཁྲི་10མེད་པར་གྱུར།

       གྲོགས་པོ་རོགས་ལ་བོས་ནས་དངུལ་འབོར་ཆེན་ལེན་པའི་བྱེད་སྒོར་ཁྱོད་རང་ཞུགས་མྱོང་ངམ། དངུལ་སྒོར་0.01གི་ཆེད་དུ་གྲོགས་པོ་ག་ཚོད་ལ་འབྲེལ་སྣེ་བསྐུར་མྱོང་ངམ།
 

 

       ཧྲན་ཏུང་ཞིང་ཆེན་བདེ་ཀྲའུ་གྲོང་ཁྱེར་གྱི་ཞའོ་ཅིན་གྱིས་གྲོགས་པོར་རོགས་བྱེད་དུ་གདན་དྲངས་ན་དངུལ་སྒོར་800ལེན་ཐུབ་པའི་དྲིལ་སྒྲོག་ཅིག་མཐོང་བ་དང་ཕན་ཚུན་རོགས་རམ་བྱེད་པའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་ཞུགས། མི་འགྱང་པར་མི་ཞིག་གིས་རང་ཉིད་སྟེགས་བུའི་ཞབས་ཞུ་པ་ཡིན་ཟེར་བཞིན་ཚོགས་པའི་ནང་ནས་རང་འགུལ་གྱིས་ཞའོ་ཆིན་གྱི་སྐད་འཕྲིན་བསྣན་པ་དང་། དངུལ་སྒོར་198སྤྲད་ཚེ་དངུལ་དམར་ལེན་ཐུབ་ངེས་ཡིན་ཞེས་ཁག་ཐེག་གི་སྐད་ཆ་བཤད།

       ཞའོ་ཆིན་གྱིས་དངུལ་དམར་ལེན་ཐུབ་པ་ཁག་ཐེག་ཡིན་ཚེ་ཡག་པོ་འདུག་སྙམ་ནས་ཐེ་ཚོམ་མེད་པར་ཕ་རོལ་པོར་དངུལ་བསྐུར། དེ་ནས་ཕ་རོལ་པོས་QQབསྣན་རྗེས་དངུལ་ལེན་ཐུབ་ཚུལ་བརྗོད། བསྣན་པ་དང་ཕ་རོལ་པོས་དངུལ་ལེན་པའི་ཆ་རྐྱེན་ལོངས་དགོས་ན་སྒོར་300ཡི་གྲུང་སྐུལ་གྲོན་དངུལ་དགོས་ཚུལ་བརྗོད་པས་ཞའོ་ཆིན་གྱིས་མུ་མཐུད་དུ་སྒོར་300བསྐུར། ཡིན་ན་ཡང་དོན་དག་དེ་བསམ་བློའི་ནང་བཞིན་གྱི་ལས་སླ་མོ་ཞིག་མིན་པར། གྲུང་སྐུལ་གྲོན་དངུལ་མི་འདང་པ་དང་། ངེས་ཚད་འཕར་དགོས་པ། བཤེར་བརྡར་གྲོན་དངུལ་དགོས་པ་སོགས་ཚང་མ་ཞའོ་ཆིན་གྱིས་དངུལ་བསྐུར་དགོས་པའི་རྒྱུ་རྐྱེན་དུ་གྱུར། བསྡོམས་པས་སྒོར་ལྔ་སྟོང་བཏང་རྗེས་ཕ་རོལ་གྱིས་ནོར་དོན་བཙལ་ནས་ཚང་མ་ཕྱིར་སློག་དུ་འཇུག་རྒྱུ་ཁས་ལེན་བྱས། སྐབས་དེར་སྟེགས་བུའི་ནོར་དོན་པ་སྒོར་ཐོན་བྱུང་། ནོར་དོན་པས་དངུལ་ཕྱིར་སློག་ན་ཆོག་མོད་གསལ་ཐོ་ལོངས་མི་འདུག་ཟེར་བས། ཞའོ་ཆིན་གྱིས་སྒོར་ཁྲི་གཅིག་ལྷག་བསྐུར་ནས་གསལ་ཐོ་ལོངས་ཐབས་བྱས་མོད་འོན་ཀྱང་དངུལ་སྔར་བཞིན་ལེན་མ་ཐུབ།

       སྐབས་འདིར་ཞའོ་ཆིན་གྱིས་འགྲིག་མི་འདུག་སྙམ་ནས་ཡང་དང་བསྐྱར་དུ་ནོར་དོན་པ་བསིབ་ནས་གྱོང་གུན་སེལ་ཐབས་བྱས་མོད། ཕ་རོལ་བས་ཡང་དང་བསྐྱར་དུ་དངུལ་ཕྱིར་སློག་པར་ཁ་གཡར་ནས་ཞའོ་ཆིན་ནང་འཇུག་བྱས། མགོ་སྐོར་གཏོང་མཁན་གྱིས་ངེས་ཚད་མི་འདང་པས་ཞའོ་ཆིན་ལ་མུ་མཐུད་དུ་དངུལ་ཁ་གསབ་བྱ་དགོས་པའི་རེ་བ་བཏོན། ཉིན་ལྔ་ཡི་རིང་ལ་ཞའོ་ཆིན་གྱིས་ཡང་བསྐྱར་ཕ་རོལ་པོར་སྒོར་ཁྲི་10ལྷག་བསྐུར་འདུག

 

 

       ཉེན་རྟོག་པས་ཚང་མར་རིན་མེད་གྱི་ཁེ་སྤོགས་ཤིག་ཐོབ་རྒྱུ་ནི་སྟོང་བསམ་ཡིན་པས་གང་ཡིན་གྱི་ཁ་ལ་མི་རྒྱུགས་པའི་དྲན་སྐུལ་བྱས་འདུག

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་། 

中央广播电视总台 央广网 版权所有

སྐད་འཕྲིན་ཚོགས་པ་ཞིག་ཏུ་འཛུལ་རྗེས་སྒོར་ཁྲི་10མེད་པར་གྱུར།

གྲོགས་པོ་རོགས་ལ་བོས་ནས་དངུལ་འབོར་ཆེན་ལེན་པའི་བྱེད་སྒོར་ཁྱོད་རང་ཞུགས་མྱོང་ངམ། དངུལ་སྒོར་0.01གི་ཆེད་དུ་གྲོགས་པོ་ག་ཚོད་ལ་འབྲེལ་སྣེ་བསྐུར་མྱོང་ངམ།