རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་དགུ་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་དགུ་པ།

ཧྲའན་པེ་ཡི་ཕྲུ་གུ།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གི་ཆབ་སྲིད་བར་ཁམས་ལ་གཞི་ནས་འོད་ཟེར་ཞིག་འཆར་ཡོད། སྤྱི་ལོ་༡༩༧༢ལོའི་དགུན་ཁར། ཁོང་གུང་གཞོན་སྡེ་ཚོགས་ལ་ཞུགས། ཞི་ཅིན་ཕིང་གི་ངོས་ནས་བརྗོད་ན། གུང་གཞོན་སྡེ་ཚོགས་ནང་ཞུགས་པའི་ལམ་བུ་ནི་ངལ་རྩོལ་གནང་སྐབས་བསྐྱོད་པའི་རི་ལམ་དང་འདྲ་བར་ཀྱག་ཀྱོག་ཅིག་ཡིན།

ལེའང་ཅ་ཧོ་གྲོང་ཚོ།

ལོ་རབས་དེར། ནག་ཐིག་ཐེབས་པའི་བུ་ཕྲུག་ཅེས་པའི་ཞྭ་མོ་དེས་སྒལ་རུས་མཁྲེགས་པོ་ཇི་ཙམ་ཡོད་ཀྱང་བཀུག་ཐུབ། ནག་ཐིག་ཐེབས་པའི་བུ་ཕྲུག་གི་ངོས་ནས་བཤད་ན། སྒོ་ཚང་མ་རྒྱབ་ཡོད་པ་སྟེ། ལས་མི་བསྡུ་བ་དང་། སློབ་གྲྭར་འགྲོ་བ། དམག་མིར་ཞུགས་པ། སྡེ་ཚོགས་ནང་ཞུགས་པ། ཏང་ནང་ཞུགས་པ་སོགས་ཚང་མ་དང་འབྲེལ་བ་མེད། མ་གཞི་ལེའང་ཅ་ཧོ་རུ་ཞྭ་མོ་དེ་མཐར་སློབ་གསོ་རྒྱབ་ནས་ཡག་པོ་ཆགས་ཐུབ་པའི་བུ་ཕྲུག་ཅེས་པར་འགྱུར་ཀྱང་ལྟ་སྟངས་གཅིག་པ་ཡིན་པ་རེད།

འོན་ཀྱང་ད་ཐེངས་གུང་གཞོན་སྡེ་ཚོགས་ནང་ཞུགས་པ་ནི་མགོ་བོ་མི་སྒུར་བའི་གཤིས་རྒྱུད་ཀྱིས་ཁོང་ལ་རོགས་རམ་ཐུབ་ཡོད།

ཞི་ཅིན་ཕིང་བཞུགས་མྱོང་པའི་ལེའང་ཅ་ཧོའི་སྡོད་ཁང་།

ཇི་སྲིད་བར་གྱི་རྒྱུ་ནོར།

སྐབས་དེ་དུས་ཀྱི་ཡན་ཨན་ནི་དབུལ་ཕོངས་ལས་སྒྲོལ་ཐུབ་མེད། སྤྱི་ལོ་༡༩༧༣ལོའི་ཟླ་དྲུག་པའི་ཚེས་༩ཉིན། ཙུང་ལི་ཀྲོའུ་ཨན་ལེས་ཝེ་ཏེ་ནམ་ཏང་སྲིད་ཀྱི་སྐུ་ཚབ་ཚོགས་པའི་ཕེབས་རོགས་ཞུས་ཏེ་ཡན་ཨན་དུ་འཚམས་འདྲིར་ཕེབས་ཡོད། དེ་དུས་ཡན་ཨན་གྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཡིན་པའི་ཐུ་ཅིན་ཀྲང་གིས་ཕྱིར་དྲན་གནང་ནས། ཡན་ཨན་ལ་ད་དུང་མི་མང་པོ་ཞིག་གྲོད་པ་རྒྱགས་ཀྱི་མེད་པ་དང་། ཁྱིམ་ཚང་གཅིག་གི་ནང་མི་ལྔར་མལ་ཆས་གཅིག་ལས་མེད་པ་གསན་སྐབས། ཙུང་ལིས། སྐྱོ་པོ་འདི་འདྲ་ཆགས་དོན་ཅི་ཡིན་ཞེས་བཀའ་འདྲི་གནང་བ་དང་། སྒྲོག་ཙེའི་ཐོག་ཚལ་གང་སྒྲིག་ཡོད་ཀྱང་ཀྲོའུ་ཙུང་ལིས་འབྲས་ཐུག་ཕོར་པ་གང་ལས་མ་མཆོད་པར། ངས་ཙུང་ལི་ཡག་པོ་ཞིག་བྱེད་མ་ཐུབ་པས། ཡན་ཨན་མི་དམངས་ཀྱི་འཚོ་བ་ད་དུང་ཁག་པོ་བྱུང་བ་རེད་ཅེས་གསུངས་ཞིང་། བཀལ་མོལ་དེ་གསུངས་སྐབས། ཀྲོའུ་ཙུང་ལིའི་སྤྱན་ཟུང་དུ་མཆི་བཞག་འཁོར་སོང་ཞེས་གསུངས་ཡོད།

ལེའང་ཅ་ཧོའི་གཞོན་ནུ་ཤེས་ཡོན་ཅན་གྱི་གནས་རྙིང་།

དེ་ལྟར། ལེའང་ཅ་ཧོ་ཡི་ཆུ་རགས་དང་པོ་དེ་ཚ་ཚ་འུར་འུར་ངང་བསྐྲུན་ཡོད་པ་རེད། ཞི་ཅིན་ཕིང་གིས་དེའི་ཐད་སྤྲོ་སེམས་ཆེན་པོས་ཕྱག་ལས་གནང་བ་དང་། ཁོང་གིས་གཅིག་ནས་བཀོད་འདོམས་གནང་བ་དང་གཉིས་ནས་ཉིན་མཚན་མེད་པར་ངལ་རྩོལ་གནང་ཡོད།

སྤྱི་ལོ་༢༠༡༥ལོར། ཞི་ཅིང་ཕིན་ལེའང་ཅ་ཧོ་ལ་ཕེབས་སྐབས། ཆུ་རགས་དེ་བརྒྱུད་ཡོད་པ་དང་། ཆུ་རགས་ཀྱི་མཐའ་ནས་ཡུན་རིང་པོར་གཟིགས་ནས་བཞུགས། ས་ཆུ་སྲུང་རགས་དེའི་ནང་འདེབས་འཛུགས་བྱས་པའི་གྲལ་སྟར་སྒྲིག་པའི་སྦྱར་སྡོང་གི་ཤིང་སོན་དེ་དག་ནི་གཟིགས་ཞིབ་ལ་འགུག་སྡོད་པའི་དམག་མི་དང་འདྲ་བར་འགྱིང་ངེར་གནས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་།