རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་དགུ་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་དགུ་པ།

ང་ནི་ཞིང་པ་ཞིག་ཡིན།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

ལེའང་ཅ་ཧོ་རུ་ཕེབས་པའི་ལོ་གཉིས་གསུམ་རྗེས། ཞི་ཅིན་ཕིང་གིས་ཡན་ཁྲོན་གྱི་ཡུལ་སྐད་ཆུ་རྒྱུག་རྒྱུག་ཅིག་གསུངས་ཐུབ་ཀྱི་ཡོད་པ་དང་། ཁོང་ནས་ས་གནས་དེ་གའི་ཡུལ་མི་དང་འདྲ་བར་ཞོག་ཁོག་ལ་ཡང་ཡུས་ཞེས་འབོད་གནང་བ་དང་། མོག་མོག་ལ་མེ་མེ་ཞེས་འབོད་གནང་གི་ཡོད། སྤྱི་ལོ་༢༠༠༩ལོའི་ཟླ་བ་༡༡པར། ཁོང་ནས་ཡན་ཨན་དུ་རྟོག་ཞིབ་གནང་སྐབས། སྔར་བཞིན་ཡན་ཁྲོན་གྱི་ཡུལ་སྐད་ཆུ་རྒྱུག་རྒྱུག་གསུངས་གནང་ཡོད། ཞལ་ལག་མཆོད་སྐབས། ཁོང་ནས་ཕེབས་རོགས་ཞུ་མཁན་ཧྲའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅེའི་ལ་མེ་མེ་ཟེར་བ་གང་ཡིན་མིན་ཧ་གོ་སོང་ངམ་ཞེས་འདྲི་སྐབས། ཀྲའོ་ལེ་ཅེས་ཤེས་མ་སོང་ཞེས་ཞུས་པར། ཞི་ཅིན་ཕིང་གིས་མེ་མེ་ཟེར་ན་མོག་མོག་རེད། གྲོ་ཞིབ་དཀར་པོས་བཟོས་པའི་མོག་མོག་རེད། དེ་ནི་ཡན་ཁྲོན་གྱི་ཡུལ་སྐད་རེད་ཅེས་འགྲེལ་བརྗོད་གནང་ཡོད།

ལེའང་ཅ་ཧོ་གྲོང་ཚོ།

ཁོང་ནས་ལེའང་ཅ་ཧོའི་རི་ཀླུང་ཀུན་ལ་རྒྱུད་མངའ་ཆེན་པོ་ཡོད་པ་དང་། ལེའང་ཅ་ཧོའི་གྲོང་ཚོའི་ནང་གི་ཁྱིམ་ཚང་ཚང་མའི་གནས་ཚུལ་མཁྱེན་གྱི་ཡོད། སྤྱི་ལོ་༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༣ཉིན་ཁོང་ལེའང་ཅ་ཧོ་རུ་ཕེབས་གནང་སྐབས། ལོ་ངོ་བཞི་བཅུ་ཙམ་འབྲེལ་གཏུག་མེད་ནའང་གདོང་ཐུགས་མ་ཐག་ཁོང་ནས་མི་དེ་སུ་ཡིན་མིན་དང་། མིང་ལ་ག་རེ་ཟེར་གྱི་ཡོད་མེད། གཅེས་མིང་ག་རེ་ཡོད་མེད་སོགས་གསལ་པོ་གསུངས་ཐུབ་ཀྱི་ཡོད། ལྷག་པར་དུ་ཁོང་ནས་ལེའང་ཅ་ཧོའི་ཚལ་ལ་མཉེས་པོ་གནང་གི་ཡོད། ཉིན་དེའི་གུང་ཚིགས་སྐབས། ཁོང་དང་ཕོང་ལི་ཡོན་རྣམ་གཉིས་དང་ཧྲེ་ཁྲུན་ཡང་། ལུས་ཧའུ་ཧྲེང་། ཀྲང་ཝུའེ་ཕང་། ལེང་ཡུས་མིང་། ཝང་ཤན་ཕིང་སོགས་དང་མཉམ་དུ་མཆོད་པ་དེ་ནི་ས་གནས་དེ་གའི་ཚལ་ཡིན་པ་རེད། ཁོང་ནས་སྐུ་ཟླ་ཕོང་ལི་ཡོན་ལ་སྒྲོག་ཙེའི་སྟེང་གི་ཚལ་ཚང་མའི་མིང་དང་རྒྱུ་ཆ། བཟོ་སྟངས། ཁྱད་ཆོས་སོགས་རེ་རེ་བཞིན་ངོ་སྤྲོད་གནང་ཡོད།

༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༣ཉིན། ཞི་ཅིན་ཕིང་ལེའང་ཅ་ཧོར་ཕེབས་གནང་བ།

རུ་ཁག་ནང་ཞུགས་རིང་། ཡུལ་མི་རྣམས་ནས་ཁོང་གི་ནང་དུ་ཡོང་ནས་ས་ཁྲིའི་སྟེང་དུ་བསྡད་རུང་། ཁོང་ནས་ཁོང་ཚོའི་ལུས་ཐོག་གི་ཐལ་རྡུལ་གྱིས་ཉལ་ཆས་དང་སྔས་མགོ་བཙོག་པ་བཟོས་ཡོང་བསམ་བསམ་དང་། ཁོང་ཚོའི་ལུས་ཐོག་ནས་ཤིག་དང་ལྗི་བ་འགོས་སོང་བསམ་བསམ་རྩ་བ་ནས་གནང་གི་མེད། ཧྲེ་ཁྲུན་ཡང་གིས། ང་ཚོ་གྲོང་གསེབ་པ་ནང་བཞིན་ཁོང་ནས་ཤིག་དང་ལྗི་བའི་དུག་གཤིས་ལ་བཟོད་བསྲན་ཐུབ་ཀྱི་ཡོད། ཤིག་གིས་སོ་བརྒྱབ་པའི་དབང་དུ་བཏང་ནའང་དེ་ཙམ་སྐྲངས་སྦོས་ཐེབས་ཀྱི་མེད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་བཞུགས་མྱོང་པའི་ལེའང་ཅ་ཧོའི་སྡོད་ཁང་།

ཞི་ཅིན་ཕིང་གིས། ཆེས་གལ་འགངས་ཆེ་ཤོས་ཤིག་ནི་ང་རང་ནས་ཞིང་པས་དངོས་སྒྲུབ་དོན་གཉེར་བྱེད་པ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་དེ་སློབ་སྦྱོང་ཐུབ་པ་དེ་རེད་ཅེས་གསུངས་ཡོད།
ལོ་དེ་དག་རིང་། ཁོང་ནས་དཀའ་ཚེགས་ཆེ་བའི་འཚོ་བ་ཁྱད་བསད་ཐུབ་ཡོད་པ་དང་། དེ་ཡང་། ཤིག་བརྒྱབ་པའི་དཀའ་ངལ་དང་། བཟའ་འཐུང་གི་དཀའ་ངལ། འཚོ་བའི་དཀའ་ངལ། ངལ་རྩོལ་གྱི་དཀའ་ངལ། བསམ་བློའི་དཀའ་ངལ་སོགས་མང་པོ་ཞིག་ཁྱད་བསད་ཐུབ་ཡོད།

ཁོང་གིས། ང་ནི་ཞིང་པ་ཞིག་ཡིན་ཞེས་གསུངས་གནང་གི་ཡོད།

ང་ཚོའི་ཤེས་ལྡན་མི་སྣ་ཁྱེད་རང་ཚོར་སྤྲོད་ག་ལ་རུང་།

སྤྱི་ལོ་༡༩༧༣ལོའི་དཔྱིད་མགོར། ཧྲའན་པེ་ས་གཞི་ཆེན་མོར་དཔྱིད་ཀྱི་དྲོད་རླུང་ཡོངས་སུ་ལྡང་འགོ་མ་ཚུགས་པའི་དུས་དེར། ཞི་ཅིན་ཕིང་རྫོང་ནང་དུ་ལས་སྒྱུར་གནང་ནས། གུང་གཞོན་སྡེ་ཚོགས་ཡན་ཁྲོན་རྫོང་ཨུད་ཧྲུའུ་ཅི། པེ་ཅིང་གི་གཞོན་ནུ་ཤེས་ཡོན་ཅན་ཐའོ་ཧའེ་ལི་དང་མཉམ་དུ་ཙུའུ་གཅིག་བྱས་ནས་ཧྥོང་ཅཱ་ཕིང་ཀུང་ཧྲེ་ཡི་ཀྲའོ་ཅ་ཧོ་རུ་ཁག་ལ་སྤྱི་ཚོགས་སློབ་གསོའི་ལས་དོན་བསྒྲུབ་པར་བསྐྱོད་ཡོད།
ཀྲའོ་ཅ་ཧོའི་མི་རྣམས་ནས་ཞི་ཅིན་ཕིང་ཀྲའོ་ཅ་ཧོ་རུ་སྤྱི་ཚོགས་སློབ་གསོའི་ལས་དོན་བསྒྲུབས་རིང་གི་བརྗེད་པར་དཀའ་བའི་ལོ་ཟླ་དེར་ཕྱིར་དྲན་བྱེད་སྐབས། ཁོང་ཚོས་ཞི་ཅིན་ཕིང་སླེབས་རྗེས་ཀྲའོ་ཅ་ཧོར་ཡང་འགྱུར་ལྡོག་བྱུང་སོང་ལ། གྲོང་ཚོའི་ནང་གི་ཕྱི་ནང་ཚང་མར་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་ཤོད་ཀྱི་ཡོད།

ལེའང་ཅ་ཧོའི་གཞོན་ནུ་ཤེས་ཡོན་ཅན་གྱི་གནས་རྙིང་།

སྤྱི་ཚོགས་སློབ་གསོའི་ལས་དོན་མཇུག་སྒྲིལ་རྗེས། ཧྥོང་ཅཱ་ཕིང་ཀུང་ཧྲེའི་ཏང་ཨུད་ཧྲུའུ་ཅི་ཀྲའོ་ཡན་པི་ཡིས་ཞི་ཅིན་ཕིང་ཉར་དགོས་བསམ་རུང་། ཝུན་ཨན་དབྱི་ཀུང་ཧྲེ་ཡི་ཏང་ཨུད་ཧྲུའུ་ཅི་པའེ་ཀོང་ཤིང་གིས། མི་ཡག་པོ་དེ་འདྲ་རང་ལ་སྤྲད་ན་ག་པར་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་།