རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་བརྒྱད་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་བརྒྱད་པ།

བློ་སྦྱོང་།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་ཕྱོགས་གཅིག་ནས་ཁོང་གི་ཞིང་པ་ཅན་གྱི་ལག་ལེན་དངོས་ནང་ཞུགས་པ་དང་། ཕྱོགས་གཞན་ཞིག་ནས་དཔེ་དེབ་ནང་ནས་སྙིང་སྟོབས་དང་བསམ་པའི་འཚོ་བཅུད་བསྡུ་ལེན་གནང་གི་ཡོད་པ་རེད། སྐབས་དེ་དུས། ངལ་རྩོལ་གནང་བ་ཕུད། གཅིག་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། དེ་ནས་ཕྱོགས་གང་སར་དཔེ་དེབ་འཚོལ་གནང་བ་དང་། དཔེ་དེབ་བལྟ་ཀློག་གནང་གི་ཡོད། ཁོང་གིས་བློ་སྦྱོང་དང་། ཁྱིམ་ཚང་སྐྱོང་བ། རྒྱལ་ཁབ་སྐྱོང་བ། གནམ་འོག་ཞི་བདེ་བཅས་ནི་ང་ཚོའི་དུས་སྐབས་ཀྱི་མི་ཚོས་ཆུང་དུས་ནས་འདི་ལྟ་བུའི་བསམ་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།

ཞི་ཅིན་ཕིང་གིས་དུས་རྒྱུན་ནས་ཟས་ཟ་སྐབས་དང་། ཕྱུགས་འཚོ་བར་ཕེབས་སྐབས་ཀྱང་དཔེ་དེབ་ལྟ་ཀློག་གནང་བ་དེ་ལེའང་ཅ་ཧོ་ཡུལ་མིའི་བག་ཆགས་ཟབ་ཤོས་དེ་རེད། སྐབས་དེ་དུས་གློག་ཤར་གཏོང་ཐུབ་མེད་པས་མུན་པ་རུབ་རྗེས་ཡུན་རིང་མ་སོང་བར་ལེའང་ཅ་ཧོ་ཡི་ཡུལ་མི་མང་ཆེ་བ་གཉིད་ལ་ཡུར་གྱི་ཡོད། ཡིན་ནའང་ཞི་ཅིན་ཕིང་གི་ས་ཕུག་ཁང་པའི་ནང་ནས་སྒྲོན་མེའི་འོད་མདངས་ཕྲ་མོ་ཞིག་འཕྲོ་བཞིན་ཡོད་པ་རེད།

ཞི་ཅིན་ཕིང་གི་ངོས་ནས། རིག་རྩལ་བརྩམས་བྱ་ཡག་པོ་ཞིག་གིས་མི་རྣམས་ལ་བློ་སྒོ་ཕྱེ་ཐུབ་པ་མ་ཟད་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དབར་ཕན་ཚུན་ཤེས་རྟོགས་བྱེད་པ་དང་། འབྲེལ་འདྲིས་བྱེད་པའི་བྱ་ཐབས་ཞིག་ཡིན། ཁོང་གི་ངོས་ནས་བཤད་ན། དཔེ་དེབ་ལྟ་ཀློག་གནང་རྒྱུ་དེ་འཚོ་བའི་སྐྱེལ་སྟངས་ཞིག་ཡིན་ལ་དེ་བས་ཀྱང་འཚར་ལོངས་རྒྱུན་ཆད་མེད་པ་དང་། རང་ཉིད་ཀྱི་བསམ་པའི་འཇིག་རྟེན་དེ་བས་ཕུན་སུམ་ཚོགས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།