རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་དྲུག་པ།
སྤེལ་བའི་དུས་ཚོད། : 2018-07-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་དྲུག་པ།

པེ་ཅིང་གི་ཕྲུ་གུ་དང་གྲོང་ཚོའི་ནང་གི་ཕྲུ་གུ།

དཀའ་སྡུག་མྱོང་མཁན།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

མི་གཞན་ཞིག་ལ་འགྱུར་བ་ལྟར། ཞི་ཅིན་ཕིང་གིས་འབད་བརྩོན་ཆེན་པོས་པེ་ཅིང་གི་ཕྲུ་གུ་དང་གྲོང་ཚོའི་ནང་གི་ཕྲུ་གུའི་བར་གྱི་ཁྱད་པར་མེད་པར་བཟོས་གནང་བ་དང་། གནས་ཚུལ་དེ་ལས་འགྱུར་ལྡོག་རྩ་བ་ནས་ཕྱིན་པ་ཤེས་ཐུབ།

ཞི་ཅིན་ཕིང་གི་ངོས་ནས་བརྗོད་ན། ལེའང་ཅ་ཧོ་རུ་བཟོད་སྒོམ་ཐུབ་དཀའ་ཤོས་དང་རྙོག་དྲ་ཆེ་ཤོས་ནི་འབུ་སྲིན་ལྗི་བ་ཡིན་པ་རེད། ཧྲའན་པའེ་ཡི་མི་རྣམས་ཀྱིས་འབུ་སྲིན་དེར་ཀེ་སའོ་ཞེས་འབོད་ཀྱི་ཡོད། ཞི་ཅིན་ཕིང་གི་གཟུགས་པོའི་ཐོག་ཏུ་འབུ་སྲིན་དེས་སོ་བརྒྱབ་ན་མི་འཕྲོད་པའི་རྐྱེན་གྱིས། ཕྱག་གིས་ཕུར་ཕུར་གཏོང་བ་དང་། ཕུར་ཤུལ་དམར་པོ་ཆགས་ནས་ཟ་འཕྲུག་ལངས་ཏེ་བཟོད་སྒོམ་ཐུབ་དཀའ་བར་གྱུར་གྱི་ཡོད།

ཞི་ཅིན་ཕིང་གིས་ངལ་རྩོལ་བྱས་མྱོང་བའི་ས་ཆ།

གྲོང་གསེབ་ཏུ་གཟུགས་པོ་འཁྲུ་བའི་ཆ་རྐྱེན་མེད་པའི་རྐྱེན་གྱིས། གནམ་གཤིས་གྲང་མོ་ཡིན་དུས། ཆུ་ཅུང་ཟད་བསྐོལ་ནས། ཨ་ཅོར་ཚ་པོས་གཟུགས་པོ་ཕྱིས་ཙམ་ལས་བྱེད་ཐབས་བྲལ། གནམ་གཤིས་དྲོ་རུ་འགྲོ་སྐབས། མི་རྣམས་གཙང་པོའི་འགྲམ་དུ་ཕྱིན་ནས་གཟུགས་པོ་འཁྲུ་གི་ཡོད། མ་གཞི་ཆུ་རྐྱལ་དོར་ཐུང་གྱོན་ཡོད་ནའང་། གྲོང་ཚོའི་ནང་གི་མི་ཚོས་ཁོང་ཚོར་དམར་ཧྲེང་རེད་ཅེས་བཞད་གད་བསླངས་པས། དེ་ནས་བཟུང་ཁོ་ཚོས་དེ་ལྟར་གཟུགས་པོ་འཁྲུ་མྱོང་མེད་པ་རེད།

ལེའང་ཅ་ཧོ་ཡི་སྡོད་ཁང་རྙིང་པ།

ལེའང་ཅ་ཧོ་རུ་ཁག་དང་པོའི་ནང་ཞུགས་པའི་པེ་ཅིང་གི་གཞོན་ནུ་ཤེས་ཡོན་ཅན་ཝང་ཚུའེ་ཡུད་ཀྱིས་ཞི་ཅིན་ཕིང་ལ་གདེང་འཇོག་འདི་ལྟར་གནང་གི་ཡོད། ཞི་ཅིན་ཕིང་གི་གཟིགས་ཕྱོགས་ནང་། མཐོ་དམའི་དབྱེ་བ་མེད་པ་དང་། སུ་མིག་ནང་འགྲོ་བ་དང་། སུ་མིག་ནང་མི་འགྲོ་བའི་དབྱེ་བ་ཕྱེ་གནང་གི་མེད། ཁོང་གིས་གཞན་དང་བཀའ་མོལ་གནང་སྐབས་རྟག་ཏུ་ཞལ་ནས་མཛུམ་མདངས་མངོན་གྱི་ཡོད་པས། ཐུགས་རྒྱུད་འཇམ་ཞིང་བརྩེ་བ་ལྡན་པ་ཞིག་ཏུ་མཐོང་གི་འདུག དེ་ནི་ལས་སླ་པོ་ཞིག་མ་རེད་ཅེས་གསུངས་ཡོད་པ་རེད།

ལེའང་ཅ་ཧོའི་ཡུལ་མི་རྣམས་ཀྱིས་ཞི་ཅིན་ཕིང་ལ་སྐྱེལ་མ་བྱེད་སྐབས་བསྐྱོན་པའི་མཉམ་པར།

དཀའ་སྡུག་མྱོང་མཁན།

གཞོན་ནུ་ཤེས་ཡོན་ཅན་ཚོའི་མིག་ནང་དུ། ལེའང་ཅ་ཧོ་ཡི་མི་རྣམས་ས་དོང་ནང་སྡོད་ཀྱི་ཡོད་པས་ཧ་ཅང་འདོད་མའི་རྣམ་པ་ཞིག་ཏུ་མཐོང་གི་ཡོད། ས་དོང་ནང་ཤིག་ཡོད་པ་མ་ཟད་ལྗི་བ་དང་། འདྲེ་ཤིག ཙི་ཙི་སོགས་ཡོད་ལ། སྐབས་རེར་སྡིག་པ་རྭ་ཅན་དང་སྦྲུལ་ཡང་ཡོང་གི་ཡོད་པ་རེད།

ད་དུང་གདོད་མའི་ངལ་རྩོལ་ལག་ཆ་དང་ཐོན་སྐྱེད་བྱ་ཐབས་ཀྱང་ཡོད། མ་གཞི་པེ་ཅིང་དུ་སློབ་གྲྭར་འགྲོ་སྐབས་ཞིང་ལས་ཡོ་ཆས་སྟབས་བདེ་ཅན་འགར་འཆང་མྱོང་ཡོད། ཡིན་ནའང་། ཧྲེའན་པའེ་ཡི་ངལ་རྩོལ་ཡོ་ཆས་ཀྱིས་སྔར་བཞིན་གཞོན་ནུ་ཤེས་ཡོན་ཅན་ཚོར་བག་ཆགས་ཟབ་མོ་བཞག་ཡོད་པ་རེད། ལེའང་ཅ་ཧོ་རུ་ཡོད་པའི་ས་བརྐོ་བྱེད་ཀྱི་འཇོར་རྙིང་པ་དེ་དག་ཁོ་ཚོས་མཐོང་མྱོང་བའི་འཇོར་ལས་ཁ་ཞེང་ཆེ་བ་ཡོད་ལ། ས་མང་པོ་བརྐོ་ཐུབ་ཀྱི་ཡོད། ཤེད་ཤུགས་ཀྱང་ཆེན་པོ་འདོན་དགོས་ཀྱི་ཡོད། ཧྲེའན་པའེ་ཡི་ཕྲག་རྒྱུག་ནི་རྒྱུ་དག་སྤུས་ལེགས་ཀྱི་ཤིང་ཆ་མཁྲེགས་པོས་བཟོས་པ་ཤ་སྟག་ཡིན་པས། བེད་སྤྱོད་བྱེད་སྐབས་ལྡེམ་ལྡེམ་བྱེད་ཀྱི་མེད་པ་རེད། ཕྲག་རྒྱུག་གས་ཆག་མི་ཡོང་བའི་ཆེད། དཀྱིལ་དུ་ཤིང་ཐུང་ཐུང་ཞིག་བཏང་ནས་ཇེ་བརྟན་དུ་གཏོང་གི་ཡོད་པ་རེད། དེ་འདྲ་བའི་ཕྲག་རྒྱུག་བེད་སྤྱོད་བྱེད་སྐབས། ཕྲག་སྟེང་ནས་བརྟན་པོར་བསྣན་པའི་རྐྱེན་གྱིས། གཟུགས་པོའི་པགས་པ་འཕྲོ་བརླག་ཤོར་སླ་པོ་ཡོད། འདེབས་འཛུགས་བྱེད་སྐབས་མིའི་ཐབས་ལ་བརྟེན་ནས་སོན་གཏོར་དགོས་ཀྱི་ཡོད་པས། གཞོན་ནུ་ཤེས་ཡོན་ཅན་ཚོའི་ངོས་ནས་བརྗོད་ན། དེ་ནི་འབྲུ་རིགས་ཐོན་འབབ་དམའ་བའི་རྒྱུ་རྐྱེན་གྱི་གྲས་ལ་བརྩི་ཡི་ཡོད།

ཤར་རིའི་ཁྲེ་སེར་དང་ནུབ་རིའི་འབྲུ་རིགས་ཀྱིས། ས་སེར་ནང་དུ་དགོད་ཅིང་ས་སེར་ནང་དུ་ངུ་འབོད་བྱེད། ཧྲའན་པའེ་ཡི་མི་རྣམས་ཀྱིས་སོ་སོ་སྡུག་བསྔལ་མྱོང་མཁན་ཞིག་ཡིན་ཞེས་བརྗོད་པ་དང་། ཁོང་ཚོ་གྲོག་རོང་དེ་ལྟ་བུའི་ནང་དུ་འཚོ་སྡོད་བྱེད་ཐུབ་པ་ནི་མ་གཞི་ནས་ངོ་མཚར་བ་ཞིག་ཡིན།

ལེའང་ཅ་ཧོ་ཡི་མི་རྣམས་ཀྱིས་ཧྲའན་པའེ་ཡི་གྲོག་རོང་ནང་གི་རྒྱ་ལྕང་ཇི་བཞིན་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། རྩ་བ་ས་འོག་ཏུ་བརྟན་པོར་བཙུགས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་འཚར་ལོངས་བྱུང་བཞིན་ཡོད།

སྤྱི་ལོ་༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༣ཉིན་ཏེ། ལུགས་རྙིང་ལོའི་ཟླ་བ་༡༢པའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་རླངས་འཁོར་འབྲིང་བ་གསུམ་ལེའང་ཅ་ཧོ་གྲོང་ཚོའི་ཕྱི་རོལ་དུ་བསྡད། རླངས་འཁོར་ཐོག་ནས་མི་ཁ་ཤས་བབས་ཏེ་གོམ་སྟབས་ཡང་པོས་གྲོང་ཚོའི་ནང་བསྐྱོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།