རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་ལྔ་པ།
སྤེལ་བའི་དུས་ཚོད། : 2018-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ཞེས་པའི་ལེའུ་ལྔ་པ།
ཕུགས་བསམ་དང་དོན་དངོས་ཀྱི་བལྟ་བསྡུར།
མཐུན་སྒྲིལ་གྱི་ལྟ་བ།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་ལེའུ་བཅུ་གཉིས་ཅན་གྱི་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

ཡུལ་མི་ཚོས་པེ་ཅིན་ནས་ཡོང་བའི་གཞོན་ནུ་ཤེས་ཡོན་ཅན་རྣམས་ལ་ལྟ་ཞིབ་བྱེད་པ་དང་། གཞོན་ནུ་ཤེས་ཅན་རྣམས་ཀྱིས་ཀྱང་ཡུལ་མི་ཚོར་ལྟ་ཞིབ་བྱེད་བཞིན་ཡོད།

ལྟ་ཞིབ་དེ་ནི་གྲོང་ཁྱེར་དང་གྲོང་གསབ་ཀྱི་ཧེ་བག་ལ་ལྟ་བསྡུར་བྱེད་པ་ཞིག་ཡིན་ལ། འགན་འཁྲིའི་བསམ་པ་ཡོད་པའི་གཞོན་ནུ་ཤེས་ཡོན་ཅན་ཁག་ཅིག་དང་སྤྱི་ཚོགས་ཀྱི་ཞབས་རིམ་དུ་འཚོ་བ་སྐྱེལ་བཞིན་པའི་ཞིང་པའི་བར་གྱི་ལྟ་བསྡུར་ཞིག་ཀྱང་ཡིན།

ཞི་ཅིན་ཕིང་གིས་ངལ་རྩོལ་བྱས་མྱོང་བའི་ས་ཆ།

ཞིང་པའི་ངལ་རྩོལ་གྱི་ཤུགས་ཚད་ཀྱིས་ལེའང་ཅ་ཧོ་རུ་ཕེབས་མ་ཐག་པའི་ཞི་ཅིན་ཕིང་ཧ་ལས་གནང་ཡོད། ཧྲའན་ཞི་བྱང་རྒྱུད་ཀྱི་ཞིང་པ་རྣམས་ཞོགས་སྔ་པོ་ལངས་དགོས་ཀྱི་ཡོད་ཅིང་། ཞོགས་པའི་ཆུ་ཚོད་དྲུག་པ་ནས་མལ་ལས་ལངས་ཏེ་རི་སྟེང་དུ་ངལ་རྩོལ་བྱེད་པར་བསྐྱོད་དགོས་ཀྱི་ཡོད། རི་སྟེང་དུ་སླེབས་སྐབས་མི་རྣམས་དཀའ་ལས་ཁག་ནས་དབུགས་ལྷེམ་ལྷེམ་དུ་འགྱུར་གྱི་ཡོད། འོན་ཀྱང་ད་དུང་ལས་ཀ་བྱེད་དགོས་ཤིང་། ཉིན་གུང་ཁ་ལག་བཟའ་བའི་དུས་ཚོད་མ་སླེབས་བར་ལས་ཀ་བྱེད་དགོས་པ་དང་། ངལ་གསོ་རྒྱག་པའི་དུས་ཚོད་མེད་པ་རེད། དཀའ་ཚེགས་ཆེ་བའི་ངལ་རྩོལ་གྱི་ཁོར་ཡུག་དེ་འདྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་ད་དུང་ཞལ་ཐག་ཀྱང་བཞེས་ཡོད། གང་ལགས་ཤེ་ན། ཞལ་ཐག་བཞེས་རིང་སྐུ་ངལ་ཕྲན་བུ་གསོ་ཐུབ་ཀྱི་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་དང་། ཀླུང་ཐང་དང་རི་ཁུལ། དར་རྒྱས་དང་དབུལ་ཕོངས། སྒོ་དབྱེ་དང་བཀག་སྡོམ། ཤར་རྒྱུད་དང་ནུབ་རྒྱུད་བཅས་ཐ་སྙད་མི་འདྲ་བ་འདི་དག་ཞི་ཅིན་ཕིང་གི་ཐུགས་སུ་བསྡུར་བ་མངོན་གསལ་དོད་པོ་ཞིག་ཆགས་པ་དང་། ཁོང་གི་ལོ་དང་པོའི་རུ་ཞུགས་འཚོ་བར་བརྗེད་པར་དཀའ་བའི་བྱ་བ་མང་པོ་ཞིག་ཐོན་ཡོད།

མཐུན་སྒྲིལ་གྱི་ལྟ་བ།

ལེའང་ཅ་ཧོ་ཡི་སྡོད་ཁང་རྙིང་པ།

ཞི་ཅིན་ཕིང་གིས། ངའི་པ་ལགས་ཀྱིས་རྒྱུན་དུ་ང་རང་ལ་མཐུན་སྒྲིལ་གྱི་གནས་ལུགས་གསུངས་གནང་གི་ཡོད་ཅིང་། ང་ཚོར་ཆུང་དུས་ནས་མཐུན་སྒྲིལ་ལ་སྣང་ཆེན་དང་མཐུན་སྒྲིལ་བྱེད་ཤེས་པའི་མི་ཞིག་བྱེད་དགོས་པའི་བླང་བྱ་སྟོན་གནང་གི་ཡོད། རང་གིས་བྱེད་འདོད་མེད་པ་རྣམས། གཞན་ལ་བྱེད་དུ་འཇུག་མི་རུང་། སྟབས་བདེ་མི་ལ་སྤྲད་ན། རང་ལ་སྟབས་བདེ་འབྱུང་ཞེས་པ་ལྟར་རེད། པ་ལགས་ཀྱིས་གསུང་པ་ལྟར་ན། བྱ་བ་གང་ཞིག་བསྒྲུབ་རུང་རང་ཉིད་ཀྱི་འདོད་མོས་ཁོ་ནར་བསམ་བློ་མི་གཏོང་བར། མི་གཞན་གྱི་འདོད་མོས་ཡོད་མེད་བསམ་བློ་གཏོང་དགོས། གང་ཡིན་ཟེར་ན། མིའི་ཁྲོད་དུ་འཚོ་བ་སྐྱེལ་སྐབས། བྱ་བ་ཚང་མ་རང་ཉིད་གཙོ་བོར་བཞག་ན་འགྲིག་ཐབས་མེད་པ་ཞིག་རེད་ཅེས་གསུང་གི་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས། ས་སེར་གྱིས་ཁོང་གི་ཕ་རབས་གསོ་སྐྱོང་བྱས་མྱོང་པས། དེས་ཁོག་ཡངས་དཀྱེལ་ཆེའི་ངང་ནས་ཁོང་ཡང་དང་ལེན་བྱ་རྒྱུ་ཡིན་པར་ཡིད་ཆེས་གནང་ཡོད།

དེ་ལྟ་བུའི་མཐུན་སྒྲིལ་གྱི་ལྟ་བའི་ཐོག་ནས། ཞི་ཅིན་ཕིང་གིས་རང་ཉིད་མང་ཚོགས་དང་མཉམ་འདྲེས་དང་། གྲོང་གསེབ་དང་མཉམ་འདྲེས་གནང་འགོ་ཚུགས་ཡོད། མཐུན་སྒྲིལ་གྱི་ལྟ་བ་དེས། ཁོང་ལ་རིམ་བཞིན་མི་དམངས་ཀྱི་ཁྲོད་དུ་རྐང་འཛུགས་པ་དང་། མང་ཚོགས་ལ་མཐུན་སྒྲིལ་བྱེད་པའི་དགོངས་པ་ཆགས་ཡོད། མི་ལ་མཐུན་སྒྲིལ་གནང་མཁས་པ་ནི་ཁོང་གི་འགོ་ཁྲིད་ཉམས་འགྱུར་གྱི་ཁྱད་ཆོས་མངོན་གསལ་གྲས་ཤིག་ཡིན།

སྤྱི་ལོ་༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༣ཉིན་ཏེ། ལུགས་རྙིང་ལོའི་ཟླ་བ་༡༢པའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་རླངས་འཁོར་འབྲིང་བ་གསུམ་ལེའང་ཅ་ཧོ་གྲོང་ཚོའི་ཕྱི་རོལ་དུ་བསྡད། རླངས་འཁོར་ཐོག་ནས་མི་ཁ་ཤས་བབས་ཏེ་གོམ་སྟབས་ཡང་པོས་གྲོང་ཚོའི་ནང་བསྐྱོད།