རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་བཞི་པ།
སྤེལ་བའི་དུས་ཚོད། : 2018-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་བཞི་པ།
“བྲོས་བྱོལ། ”
“རི་རྩེའི་བྲག་ཕུག་གི་མི། ”

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ་ནས་ལེའུ་བཅུ་བདུན་ཅན་གྱི་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

སྤྱི་ལོ་༡༩༦༨ལོའི་ཟླ་བ་༡༢པའིཚེས་༢༢ཉིན། བློ་མཐུན་མའོ་ཙེ་ཏུང་གིས་གཞོན་ནུ་ཤེས་ཡོན་ཅན་གྲོང་གསེབ་དུ་བསྐྱོད་ནས། ཞིང་དབུལ་ཞིང་འབྲིང་འོག་མའི་སློབ་གསོ་དང་ལེན་བྱ་རྒྱུ་དེ་དགོས་གལ་ཆེན་པོ་རེད་ཅེས་པའི་འབོད་སྐུལ་གནང་ཡོད། བཀའ་མོལ་དེ་གསུང་མ་ཐག་རྒྱལ་ཡོངས་ཀྱི་གཞོན་ནུ་སློབ་མ་བྱེ་བ་གཅིག་དང་ས་ཡ་བདུན་ཙམ་སྟེ། གྲོང་ཁྱེར་གྱི་མི་འབོར་བཅུ་ཆ་གཅིག་ཙམ་གྱིས་འབོད་སྐུལ་དེར་དང་ལེན་ཞུས་ཤིང་གྲོང་ཁྱེར་ནས་གྲོང་གསེབ་དུ་བསྐྱོད་འགོ་ཚུགས་པ་དང་། རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ནས་བརྗེད་ཐབས་མེད་པའི་མི་ཚེའི་ལམ་བུ་ཞིག་བརྒྱུད་འགོ་ཚུགས་ཡོད།

གཞོན་ནུ་ཞི་ཅིན་ཕིང་ཡང་གནས་སྤོས་དཔུང་ཆེན་དེའི་ཁྲོད་ཀྱི་ཁོངས་མི་ཞིག་ཏུ་གྱུར་པ་དང་། འགོ་འཛུགས་ས་དེ་པེ་ཅིང་ཡིན་པ་དང་། མཇུག་རྫོགས་ས་དེ་གསར་བརྗེའི་གནས་མཆོག་ཡན་ཨན་ཡིན་པ་རེད།

འོན་ཀྱང་། ཞི་ཅིན་ཕིང་པེ་ཅིང་ནས་ཞལ་གྱེས་པ་ནི་བྲོས་བྱོལ་དུ་ཕེབས་པ་ལྟ་བུ་ཞིག་ཡིན་པ་རེད།

སྤྱི་ལོ་༡༩༦༢ལོ་ནས་བཟུང་། དགུང་ན་ཕྲ་བའི་ཞི་ཅིན་ཕིང་ཡབ་ཞི་ཀྲུང་ཤུན་གྱི་མ་ཉེས་ཁག་གཡོགས་ཀྱི་གྱོད་དོན་གྱིས་ལེ་འཁྲི་བྱུང་བ་དང་། མཐོང་ཆུང་ཕོག་ཅིང་། རིག་གནས་གསར་བརྗེ་ཆེན་པོའི་ནང་། ཁོང་གི་ཁྱིམ་རྩིས་བཤེར་གཞུང་བཞེས་བཏང་། ཁོང་ཡུམ་དང་ལྷན་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ནང་སྤོས།

ཞི་ཅིན་ཕིང་གིས་༼ང་ནི་ས་སེར་མཐོ་སྒང་གི་བུ་ཕྲུག་ཡིན་༽ཞེས་པའི་རྩོམ་ཡིག་ནང་། ང་རང་ནི་མགོ་མི་སྒུར་བ་དང་། བརྙས་བཅོས་མི་འཁུར་མཁན་ཞིག་ཡིན་སྟབས། གྱེན་ལོག་ཤོག་ཁག་ལ་ཕོག་ཐུག་བཏང་སྟེ་༼ངན་པའི་རུ་ཚོགས་༽ཀྱི་ཁྱིམ་མིར་བརྩིས་ནས་མདུན་དུ་བྱུང་། སྐབས་དེར་ང་རང་ལོ་༡༥ཡང་ཟིན་མེད། ཁོང་ཚོས་སྲོག་ཐོག་ཐེངས་བརྒྱ་བཏང་ཡང་ཆོག་ས་རེད་ཅེས་བཤད་ཀྱི་ཡོད། ང་རང་ནས་ཐེངས་བརྒྱ་དང་ཐེངས་གཅིག་ཁྱད་པར་གང་ཡོད་དམ། ཐེངས་བརྒྱ་ཡང་ཟིན་གྱི་ཡོད་ན་ཞེད་དགོས་དོན་ཅི་ཞིག་ཡོད་སྙམ་གྱི་ཡོད་ཅེས་བྲིས་ཡོད།

སྐབས་དེ་དུས་ཞི་ཅིན་ཕིང་བཀག་ཉར་བྱས་མེད། ཕྱིས་སུ་ཞི་ཅིན་ཕིང་གིས་ང་རང་མངགས་གཏོང་ཁང་དུ་བཟུང་འཁྲིད་བྱས་པ་དང་། མངགས་གཏོང་ཁང་དུ་སླེབས་རྗེས་ཡང་ཚུར་ཁྲིད་ནས་གཞོན་གཅུན་ཁང་དུ་བཅུག འོན་ཀྱང་གཞོན་གཅུན་ཁང་ལ་ཉལ་ཁྲི་སྟོང་པ་མེད་ཅིང་། ཟླ་བ་གཅིག་ཙམ་བང་བསྒྲིག་ཚེ་གཞི་ནས་ནང་དུ་ཞུགས་ཐུབ་ཀྱི་ཡོད། དེ་ནས་གྲོང་གསེབ་དུ་རུ་ཞུགས་བྱ་རྒྱུའི་ཐོ་འགོད་བྱས་པ་ཡིན་ཞེས་ཕྱིར་དྲན་གནང་།

༡༩༧༢ལོར།

ཁོང་གིས་ཡན་ཨན་གདམ་ག་གནང་དོན་ནི། ཡན་ཨན་ནི་ཁོང་གི་ཡབ་ཀྱིས་སྐབས་དེ་དུས་གསར་བརྗེ་གནང་ས་ཡིན་པས་རེད།

ཞི་ཅིན་ཕིང་དང་ཁོང་གི་ཡབ་ཞི་ཀྲུང་ཤུན།

ཡན་ཨན།

༡༩༦༩ལོར།

༡༩༩༣ལོར། ཞི་ཅིན་ཕིང་ལེའང་ཅ་ཧོ་རུ་ཡུལ་མི་ཚོར་གཟིགས་པར་ཕེབས་པ།

ཞི་ཅིན་ཕིང་སློབ་གྲྭ་ཆེན་མོར་འགྲོ་སྐབས་ཡུལ་མི་ཚོ་དང་ལྷན་དུ་བསྐྱོན་པའི་འདྲ་པར།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།