རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་གསུམ་པ།
སྤེལ་བའི་དུས་ཚོད། : 2018-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག་༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་གསུམ་པ།

ཞི་ཅིན་ཕིང་ང་ཚོ་དང་སེམས་པ་འབྲེལ་ཡོད།

བརྗེད་པར་དཀའ་བའི་ལེའང་ཅ་ཧོ།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་ལེའུ་བཅུ་བདུན་ཅན་གྱི་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས། ཁོང་ནས་དུས་ནམ་ཡང་ལེའང་ཅ་ཧོ་བརྗེད་མི་སྲིད་ལ། དུས་ནམ་ཡང་ལེའང་ཅ་ཧོ་ཡི་ཡུལ་མི་རྣམས་བརྗེད་མི་སྲིད་ཅེས་གསུངས་ཀྱི་ཡོད། ལེའང་ཅ་ཧོ་ནས་ཞལ་གྱེས་རྗེས་ཀྱི་ལོ་ངོ་བཞི་བཅུ་ལྷག་གི་རིང་། ཞི་ཅིན་ཕིང་ནས་དུས་དང་རྣམ་པ་ཀུན་ཏུ་ལེའང་ཅ་ཧོའི་ཡུལ་མི་རྣམས་ལ་ཐུགས་ཁུར་གནང་ཞིང་ཡོད། ས་ཐག་ཇི་ལྟར་རྒྱང་ཡང་རུང་། དུས་ཀྱི་འཁོར་ལོ་ག་ཚོད་འདས་ཀྱང་རུང་། དྲན་སེམས་ཤིག་གིས་རི་ཆུ་སྟོང་ཕྲག་བརྒལ་བར་ནུས།

ཞི་ཅིན་ཕིང་གི་ཐུགས་སུ། ལེའང་ཅ་ཧོ་ནི་བརྗེད་ཐབས་མེད་པའི་བརྩེ་བ་ཞིག་ཡིན་པ་དང་། ཁོང་གི་དགོངས་པར་འཕེལ་འགྱུར་བྱུང་ས་ཞིག་ཡིན་ཞིང་། ཁོང་གིས་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་པའི་དད་སེམས་དང་མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་རེ་འདུན་དེ་འབད་འཐབ་དམིགས་འབེན་ཟུང་འབྲེལ་དམ་ཟབ་གནང་བའི་བར་མཚམས་མེད་པའི་བརྩེ་སེམས་གནས་ས་དེ་ཡིན། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་བརྗེད་གནང་མི་སྲིད་ལ། ཧྲའན་པེ་ཡི་མ་ཡུམ་ལྟ་བུའི་ས་གཞི་དེ་བརྗེད་གནང་མི་སྲིད། ཡུལ་མི་རྣམས་ཀྱི་དེ་སྔོན་གྱི་དཀའ་ངལ་བརྗེད་གནང་མི་སྲིད་ལ། དེ་བས་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་པའི་དད་སེམས་དང་འགན་སེམས་དེ་བརྗེད་གནང་མི་སྲིད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།