རླུང་འཕྲིན་དངོས་བྲིས་རྩོམ་རིག༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་དང་པོ།
སྤེལ་བའི་དུས་ཚོད། : 2018-07-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རླུང་འཕྲིན་དངོས་བྲིས་རྩོམ་རིག༼ལེའང་ཅ་ཧོ་༽ ཞེས་པའི་ལེའུ་དང་པོ། ཞི་ཅིན་ཕིང་ལོག་ཕེབས་སོང་།

སྤྱི་ཟླ་༧ཚེས་༡ཉིན་ནས་བཟུང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་ནས་ལེའུ་བཅུ་བདུན་ཅན་གྱི་རླུང་འཕྲིན་དངོས་བྲིས་རྩོམ་རིག་ ༼ལེའང་ཅ་ཧོ། ༽ཞེས་པ་དེ་བཏང་ནས། ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་བཞག་པའི་ཞབས་རྗེས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན།

སྤྱི་ལོ་༢༠༡༥ལོའི་ཟླ་བ་༢པའི་ཚེས་༡༣ཉིན་ཏེ། ལུགས་རྙིང་ལོའི་ཟླ་བ་༡༢པའི་ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་རླངས་འཁོར་འབྲིང་བ་གསུམ་ལེའང་ཅ་ཧོ་གྲོང་ཚོའི་ཕྱི་རོལ་དུ་བསྡད། རླངས་འཁོར་ཐོག་ནས་མི་ཁ་ཤས་བབས་ཏེ་གོམ་སྟབས་ཡང་པོས་གྲོང་ཚོའི་ནང་བསྐྱོད།

ཞི་ཅིན་ཕིང་ལོག་ཕེབས་སོང་ཞེས་འབོད་སྐད་ཆེན་པོ་ཞིག་གྲག་པ་དང་ཆབས་ཅིག་གྲོང་མི་རྣམས་གྲོང་ཚོའི་ཕྱི་རོལ་དུ་བརྒྱུགས།

ཞི་ཅིན་ཕིང་ས་སེར་མཐོ་སྒང་གི་ལྟེ་བར་གནས་པའི་གྲོང་ཚོ་ཆུང་ངུ་ལེའང་ཅ་ཧོ་ཞེས་པར་ལོག་ཕེབས་པ་དང་། དེ་ག་ནི་ཁོང་གིས་རྟག་ཏུ་ཐུགས་ལ་འཁོར་བའི་ས་ཆ་ཞིག་ཡིན། ཁོང་ལེའང་ཅ་ཧོ་ནས་ཞལ་གྱེས་ཏེ་ད་བར་ལོ་ངོ་བཞི་བཅུ་ཏག་ཏག་སོང་ཡོད།

དེ་སྔོན་ལོ་བདུན་རིང་ངལ་རྩོལ་དང་། འཚོ་བ་སྐྱེལ་མྱོང་བའི་ས་ཆ་དེར་ཕེབས་པ་དང་། དེ་སྔོན་འབྲལ་མེད་མཉམ་གཤིབ་གནང་མྱོང་བ། ནམ་ཡང་བརྗེད་ཐབས་མེད་པའི་ཡུལ་མི་རྣམས་གཟིགས་སྐབས། ཞི་ཅིན་ཕིང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།