【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ཞི་པའེ་ཕོ་རུ་ཏང་འཛུགས་ཀྱིས་གྲོང་གསེབ་གསར་པར་སྣེ་ཁྲིད་བྱེད་པ།
སྤེལ་བའི་དུས་ཚོད། : 2019-04-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཞིག་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་50ལྷག་ཙམ་ཐག་རིང་གྲོང་ཚོ་དང་། གྲོང་ཁྱེར་གྱི་སྡེ་ཁུལ། ལས་གྲྭའི་ཡུལ་དངོས། ཚན་ཞིབ་ལས་ཁུངས་སོགས་སུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཐོག གནའ་བོའི་མི་རིགས་ཤིག་གི་དེང་རབས་ཅན་གྱི་ངོ་མཚར་ལེགས་པར་མངོན་པ་བྱས་པར་དང་། རྒྱང་སྐྱོད་གསར་པ་བྱེད་བཞིན་པའི་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་ལེགས་པར་མངོན་པར་བྱས་ཡོད། དེ་རིང་འགོ་བརྗོད་དུ་བརྗིད་ཆེ་བའི་ལོ་ངོ་70 འབད་འཐབ་ཀྱི་དུས་རབས་གསར་པ་ལས། ཞབས་རྗེས་ཞེས་པ་སྟེ། ཞི་པའེ་ཕོ་རུ་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་གསར་པར་སྣེ་ཁྲིད་བྱེད་པ་ཞེས་འཁོད་པ་ཞིག་ཞུ་རྒྱུ་ཡིན།

2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞི་པའེ་ཕོ་རུ་རྟོག་ཞིབ་ལ་ཕེབས་སྐབས། གནས་འདི་ནི་སྒྲིག་ལམ་བཟོ་སའི་ས་ཆ་ཞིག་རེད་ཅེས་གསུངས་ཡོད། ལོ70ཡི་གོང་དགོས་ངེས་གཉིས་དང་གཏན་འབེབ་དོན་ཚན་དྲུག་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྒྲིག་ལམ་གྱི་ཚད་གཞི་བཟོས་པ་དང་། ཏང་ཨུད་ལམ་ལུགས་སོགས་ཏང་ནང་ཁུལ་གྱི་ལས་དོན་དང་ཇུས་འགོད་སྒྲིག་གཞི་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དེས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ལོ་ངོ70ཡི་གོང་བཏབ་གནང་བའི་གསར་བརྗེའི་ས་བོན་དེར་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་དེར་འབྲས་བུ་གང་འདྲ་ཞིག་སྨིན་ཡོད་དམ་ཞེ་ན།

ཧའེ་ཁྲང་གཡུས་གྲོང་ཚོ་ནི་ཕིང་ཧྲན་རྫོང་ཀང་ནན་གྲོང་རྡལ་གྱི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། གྲོང་ཚོའི་ལྟེ་བའི་ཐང་ཆེན་ནས་གྲོང་མདོའི་རྐང་ཐང་ལམ་ལྗོངས་བསྐྲུན་ཚར་མ་ཐག་ཡིན་པ་དང་། ཀྲེ་པུའུ་ཧྲུའུ་ཅི་རྙིང་པ་ཏུའུ་ཅན་ཧྭ་ཡིས་གསར་འགོད་པར། གྲོང་ཚོ་མཉམ་སྡེབ་ཀྱིས་མ་དངུལ་བཏང་བའི་རྣམ་གྲངས་འདི་ལྟ་བུར། གྲོང་ཚོའི་ནང་འཕེན་ཤོག་འཕངས་ནས་ཐག་གཅོད་ཀྱི་ཡོད་ཅེས་གསུངས། འཕེན་ཤོག་འཕེན་པ་དེ་ཚོ་རྣམ་པ་ཙམ་གཏན་ནས་མ་རེད། གསར་འགོད་པར་ཏུའུ་ཅན་ཧྭ་ཡིས་ཉར་བའི་དཔྱད་ཡིག་ནང་ནས་མཐོང་བར། འཕེན་ཤོག་ཕྱེད་ཀ་མ་རག་པའི་བརྡས་གཅོད་ཆོད་ཡིག་ཅིག་མཐོང་ཡོད། ཏུའུ་ཅན་ཧྭ་ཡིས་གྲོས་ཆོད་བརྒྱད་ཅེས་གསུངས་པའི་བཙོག་ཆུའི་སྦུག་དོང་འདིང་རྒྱུ་དང་། ཨར་འདམ་ལམ་སྲ་རུ་གཏོང་རྒྱུ། སྤྲོ་གསེང་ཐང་ཆེན་བསྐྲུན་རྒྱུ་སོགས་ཚང་མ་ནི་གྲོང་ཚོའི་མི་རྣམས་ཀྱི་བདེ་རྩར་ཐུག་པའི་དོན་ཆེན་ཤ་སྟག་རེད།

ཧའི་ཁྲང་གཡུས་གྲོང་ཚོར། སྦུག་དྲ་བསྐྲུན་རྒྱུ་དང་། ཨར་འདམ་ལམ་འདིང་རྒྱུ། ལམ་སྒྲོན་བཟོ་བསྐྲུན་སོགས་ལ་མོས་མཐུན་ཐོབ་ཚད་བརྒྱ་ཆ་90%ཡན་ཟིན་ཡོད་པ་དང་། འཚོ་བའི་གད་སྙིགས་སྒམ་ཉོ་སྒྲུབ་སོགས་ལ་མོས་མཐུན་ཐོབ་ཚད་ཐ་ན་50% ཟིན་མེད་པ་རེད། གཏན་འབེབ་ལ་གཞིགས་ན། གད་སྙིག་སྒམ་ཉོ་བྱེད་ཀྱི་དངུལ་དེ་དག་མཉམ་སྡེབ་ཀྱི་རྩིས་ཁྲ་ནས་འདོན་ཐབས་མེད་པ་རེད། གད་སྙིག་གང་བྱུང་དུ་གཡུག་པ་དེས་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་ངན་པ་ཐེབས་པ་དང་། འཕེན་ཤོག་འཕངས་ཀྱང་གྲོས་འཆམ་བྱུང་མེད། ཡིན་ནའང་དོན་དག་དེ་ངེས་པར་དུ་ཐག་གཅོད་བྱེད་དགོས་ཀྱི་ཡོད།

གང་དེ་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་གཞི་རིམ་ཏང་རྩ་འཛུགས་ནང་ལག་ལེན་བསྟར་བའི་གསོན་ཉམས་དོད་པོའི་མངོན་ཚུལ་ཞིག་རེད། ད་ཆ་ཧའི་ཁྲང་གཡུས་གྲོང་ཚོའི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་ཡོད། ཐོག་མར་མི་འགའ་ཤས་ཀྱིས་སྤྲོ་གསེང་ཐང་ཆེན་བསྐྲུན་རྒྱུར་ཡང་ངོ་རྒོལ་བྱས་ཡོད། ཡིན་ནའང་གང་དེ་ད་ཆ་གྲོང་ཚོའི་མི་རྣམས་ཀྱི་ལུས་སྦྱོང་རོལ་རྩེད་བྱེད་ས་ཡག་པོ་ཞིག་ཏུ་གྱུར་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།