【བརྗིད་ཆེ་བའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་པ།】ཞི་པའེ་ཕོའི་དབུལ་གྲོལ་ཕྱུག་འགྱུར་གྱི་ཡིག་རྒྱུགས་གཏོང་བར་འགྲོ་བའི་ལམ་བུ།
སྤེལ་བའི་དུས་ཚོད། : 2019-04-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་ཞིང་། ལོ་ངོ་༧༠རིང་དཀའ་ངལ་ཁྱད་བསད་དང་དཀའ་སྤྱད་འབད་འཐབ་བྱས་ཡོད། ལོ་ངོ་༧༠ནང་། ཀྲུང་གོའི་མི་དམངས་ཀྱིས་རང་སྟོབས་རང་འཕེལ་དང་། དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། འཛམ་གླིང་ནས་དོ་ཁུར་བྱེད་པའི་ཀྲུང་གོའི་ངོ་མཚར་གཏོད་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཡིན་ནའང་འདྲ། ཡང་ན་འཛམ་གླིང་གི་ལོ་རྒྱུས་ཐོག་ཡིན་ནའང་འདྲ། དེ་ནི་གནམ་ས་འགུལ་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཞིག་ཡིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་༥༠ལྷག་གིས་ཐག་རིང་གི་གྲོང་གསེབ་དང་། གྲོང་ཁྱེར་གྱི་སྡེ་ཁུལ། ལས་གྲྭའི་འཛུགས་སྐྲུན་ཁུལ། ཚན་ཞིབ་ཁང་སོགས་སུ་སྐྱོད་ནས་བརྟག་ཞིབ་བྱས་ཡོད་པ་དང་། གནའ་བོའི་མི་རིགས་ཀྱི་དེང་རབས་མཚར་གཏམ་མངོན་པར་བྱས་ཡོད་ལ། བགྲོད་ལམ་གསར་པའི་ཐོག་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད། མུ་འབྲེལ་ལེ་ཚན་【བརྗིད་ཆེ་བའི་ལོ་ངོ་བདུན་བཅུ། འབད་འཐབ་ཀྱི་དུས་རབས་གསར་པ་སྟེ། མཛད་རྗེས་ལམ་བུ།】ཞེས་པའི་ནང་། དེ་རིང་ཞི་པའེ་ཕོ་ཡི་དབུལ་གྲོལ་ཕྱུག་འགྱུར་གྱི་ཡིག་རྒྱུགས་གཏོང་བར་འགྲོ་བའི་ལམ་བུ་ཞེས་པ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས། དེ་སྔ་ཏང་ཀྲུང་དབྱང་ཞི་པའེ་ཕོ་ནས་ཁ་བྲལ་སྐབས། བློ་མཐུན་མའོ་ཙེ་ཏུང་གིས་པེ་ཅིང་དུ་ཡིག་རྒྱུགས་གཏོང་བར་འགྲོ་བ་ཡིན་ཞེས་གསུངས་མྱོང་ཡོད། ལོ་ངོ་༦༠ལྷག་འདས་ཟིན་པ་དང་། ང་ཚོར་ཡར་རྒྱས་ཆེན་པོ་བྱུང་ཡོད་ལ། ཀྲུང་གོའི་མི་དམངས་ཡར་ལངས་པ་དང་། ཕྱུག་པོར་གྱུར་ཡོད། འོན་ཀྱང་ང་ཚོར་འཕྲད་པའི་འགྲན་རྩོད་དང་གནད་དོན་དེ་སྔོན་དང་བསྡུར་ན་དེ་བས་ཛ་དྲག་པ་དང་རྙོག་འཛིང་ཆེན་པོ་ཡོད་པས། ཏང་ལ་འཕྲད་པའི་ཡིག་རྒྱུགས་གཏོང་བར་འགྲོ་བ་དེ་ད་དུང་མཇུག་འགྲིལ་མེད་ཅེས་གསུངས་གནང་ཡོད།

ལི་ཤིང་ཅན་གྱིས་ད་རེས་བརྟག་ཞིབ་བཅར་འདྲི་བྱེད་པ་ནི་དེ་སྔའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་པས་ཡིག་རྒྱུགས་གཏོང་བར་འགྲོ་བའི་ཐོན་ས་སྟེ། ཞི་པའེ་ཕོ་གྲོང་ཚོ་ནས་འགོ་བཙུགས་ཡོད། གསར་བརྗེའི་ཡུལ་སྐོར་དེ་གྲོང་གསེབ་གོང་འཕེལ་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་བཟང་པོ་ཞིག་ཡིན། འོན་ཀྱང་ཞི་པའེ་ཕོ་གྲོང་ཚོ་ཡོད་སའི་ཕིང་ཧྲན་རྫོང་དུ་གྲོང་ཚོ་ཚང་མར་ཞི་པའེ་ཕོ་ལྟ་བུའི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་མེད་པ་རེད། རྫོང་ཡོངས་ཀྱི་བརྒྱ་ཆ་༨༠ཡན་གྱི་ས་ཁུལ་ནི་ཞི་པའེ་ཕོ་དང་འདྲ་བར་རི་མང་ཞིང་ས་ཆ་ཉུང་བ་དང་། དབུལ་ཕོངས་གྲོང་ཚོ་༢༦༠ཡོད་པས། རྫོང་ཡོངས་ན་ནིང་སྤྱི་ཡོངས་ནས་དབུལ་སྒྲོལ་ཐུབ་མ་ཐག་ཡིན། རི་ཁྲོད་ཀྱི་དབུལ་ཕོངས་གྲོང་ཚོ་དེ་དག་གིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་གང་འདྲ་བྱས་ནས་བསྐྱོད་དགོས་སམ་ཞེས་ན། དྲི་བ་དེ་འཁྱེར་ནས། ལི་ཤིང་ཅན་གྱིས་བརྟག་ཞིབ་དང་བཅར་འདྲི་བྱེད་སའི་ས་ཚིགས་རྗེས་མ་དེ་ནན་ཝན་ཏུའུ་གྲོང་ཚོ་བདམས་ཡོད་པ་རེད།

ཀྲང་ཏོན་ཧྲུའུ་ཡིས། ལམ་བུ་འདི་རང་རེད། འདི་ནི་ཞི་པའེ་ཕོ་ནས་ཐོ་ལེང་བར་གྱི་ཡུལ་སྐོར་ལམ་ཐིག་རེད། ཏག་ཏག་ང་ཚོའི་གླིང་ཁུལ་འགྲིམས་དགོས་ཀྱི་ཡོད་ཅེས་གསུངས་ཡོད།

གསར་འགོད་པ་ལི་ཞིང་ཅན་དང་མཉམ་དུ་ཕེབས་མཁན་ནི་ནན་ཝེན་ཏུའུ་གྲོང་ཚོར་བཅའ་སྡོད་བྱེད་མཁན་ཧྲུའུ་ཅི་ཨང་དང་པོ་ཀྲང་ཏོན་ཧྲུའུ་ཡིན་པ་དང་། ཁོང་གིས་བཞད་བགད་དང་བཅས། འདི་ཡང་ཁོང་རང་ཉིད་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་ཨང་དང་པོ་ཡིན་པའི་ངོས་ནས་དབུལ་སྐྱོར་གྱི་ཡིག་རྒྱུགས་ནང་ཞུགས་པ་ཞིག་ཡིན་ཞེས་གསུངས་ཡོད།

གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་གནང་བར་མ་ཕེབས་གོང་། ཀྲང་ཏོན་ཧྲུའུ་ནི་ཧྲེ་ཅ་ཀྲོང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཞིག་ཡིན། ཁོང་དང་གྲོང་ཚོའི་ནང་གི་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་ཧྥན་མིང་ཕིང་གིས་ལྷན་དུ། གྲོང་ཚོ་དང་ཁེ་ལས་མཉམ་ལས་བྱས་ནས་རྒུན་འབྲུམ་ཐོན་ལས་ཁུལ་ལས་གཉེར་བྱ་རྒྱུའི་དབུལ་སྐྱོར་བྱ་ཐབས་བཏོན་གནང་ཡོད། ཡིན་ནའང་ཚོད་བགམ་ཐེངས་དང་པོ་དེ་ལས་སླ་པོར་ཐེག་མ་ཐུབ་པར། གྲོང་མི་ཚོས་ས་ཆ་ཁེ་ལས་ལ་སྤྲོད་མི་ཕོད་པ་དང་། ས་ཞིང་མེད་ན་ཞིང་པ་མ་རེད་སྙམ་གྱི་ཡོད།

ཀྲང་ཏོན་ཧྲུའུ་ཡིས། དང་ཐོག་མར་ཁོང་ཚོས་དང་ལེན་བྱེད་ཁག་པོ་རེད། ང་ཚོ་སླེབས་རྗེས་ཉིན་ལྟར་སྐད་ཆ་ཤོད་རེས་དང་སྲིད་ཇུས་ལྷུག་གླེང་། ད་དུང་ཁེ་ལས་མཁས་པ་གདན་འདྲེན་ཞུས་ནས་རང་ཉིད་ཀྱི་ཉམས་མྱོང་གླེང་ཡོད། ཁེ་ལས་ཀྱིས་ཀྱང་མ་དངུལ་འཁྱེར་ནས་འབྱོར་ཡོད་པ་མ་ཟད་ངས་བསམ་བློ་བཏང་ན་ང་ཚོ་ནན་ཝེན་ཏུའུ་ནི་ས་ཆ་ཡག་པོ་ཞིག་རེད་ཅེས་གསུངས་ཡོད།

དབུལ་སྐྱོར་ལས་བྱེད་པས་ཕྱོགས་གཅིག་ནས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་དང་འབྲེལ་བ་བྱེད་པ་དང་། ཉིན་ཁ་ཤས་ཀྱི་བཅར་འདྲིའི་དུས་ཚོད་རིང་། ཀྲང་ཏོན་ཧྲུའུ་ཡིས་རྟག་ཏུ་གསར་འགོད་པར། ཁེ་ལས་ནི་དགེ་སྒྲུབ་བྱེད་པར་ཡོང་བ་ཞིག་མིན་པ་དང་། དབུལ་སྐྱོར་ལས་དོན་ཡང་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་བ་ཞིག་མིན། ཁེ་ལས་ནི་ཡིག་རྒྱུགས་དེའི་ཁྲོད་ཀྱི་འགག་སྒོ་གཉིས་པ་དེར་གྱུར་ཡོད་ཅེས་གསུངས་ཡོད།

ཀྲང་ཏོན་ཧྲུའུ་ཡིས། ང་ཚོས་རྗེས་སུ་གྲོང་ཚོ་དང་ཁེ་ལས་མཉམ་ལས་ཀྱི་རྣམ་གྲངས་དེ་གཉེར་རྗེས། གལ་སྲིད་གཞན་ལ་ཞལ་འདེབས་རྒྱག་ཏུ་འཇུག་ན་གཞན་གྱིས་ཁ་ཡ་བྱེད་མི་སྲིད། གཞན་གྱིས་ཉིན་ལྟར་ཁྱེད་རང་ལ་ཞལ་འདེབས་རྒྱག་པའི་འོས་འགན་མེད། དེར་བརྟེན་ང་ཚོར་ངེས་པར་དུ་རིག་ལམ་གཞན་ཞིག་དགོས་ཞེས་གསུངས་ཡོད་པ་རེད།

ཀྲང་ཏོན་ཧྲུའུ་ཡིས་གསུངས་པའི་རིག་ལམ་དེ་ནི་ཁེ་ལས་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་མ་རྐང་ནང་ཞུགས་རྒྱུ་དེ་རེད། ད་ཆ་གྲོང་ཚོས་བཏོན་པའི་ས་ཞིང་མུའུ་བཞི་བརྒྱ་ཚང་མར་རྒུན་འབྲུམ་བཏབ་ཐུབ་ཡོད།

གླིང་ཁུལ་གྱི་ལག་རྩལ་པས་ཞོར་ལས་ལ་སླེབས་པའི་གྲོང་མི་ཚོར་ས་སློག་སྟངས་བསླབས་ཡོད། གླིང་ཁུལ་ནང་མང་ཆེ་བ་ནི་ལོ་ན་བཞི་བཅུ་ལྔ་བཅུར་སླེབས་པའི་གྲོང་མི་ཡིན། ཁོང་ཚོའི་ཐོབ་ཐང་དེ་ཡང་ཞིང་པ་གཅིག་པུས་མ་ཚད་པར། ད་དུང་ལས་བཟོ་དང་མ་རྐང་བདག་པོ་ཡིན།

མང་ཚོགས་རྣམས་གནམ་ཆུ་སྒུག་ནས་སྡོད་མི་དགོས་ལ། ཕ་ཡུལ་དང་ཁ་བྲལ་ནས་གྲོང་ཁྱེར་དུ་ཞོར་ལས་དུ་ཡང་བསྐྱོད་མི་དགོས་པར། ཐོབ་ཐང་གསུམ་པོར་བརྟེན་ནས་ལོ་རེར་མི་རེར་སྒོར་ལྔ་སྟོང་ནས་དྲུག་སྟོང་བར་གྱི་ཡོང་འབབ་ཡོང་བ་དང་། གྲོང་ཚོའི་ནང་གི་ཆེས་མཇུག་མཐའི་དབུལ་ཕོངས་དུད་ཁྱིམ་གཅིག་ཡོད་པ་དེའི་མཚན་ལ་ཧྥེན་ལའེ་ཧྲེང་ཞུ་བ་དང་། ད་ལོ་དགུང་ལོ་༦༢ལ་ཕེབས་ཡོད། ཕྱག་ལ་སྐྱོན་ཡོད་པས། ཤུགས་ལས་གནང་ཐུབ་ཀྱི་མེད། ན་ནིང་གྲོང་ཚོ་མཉམ་སྡེབ་ཀྱི་རོགས་རམ་འོག ཁོང་གཞི་ནས་དབུལ་སྒྲོལ་ཐུབ་ཡོད།

དབུལ་སྒྲོལ་ཐུབ་རྗེས། ཧྥེན་ལའེ་ཧྲེང་གིས་ཁང་པ་གསར་པ་བརྒྱབ་པ་མ་ཟད་ཁང་པའི་མདུན་དུ་ཀུ་ཤུའི་སྡོང་པོ་གཅིག་རྩ་སྤོས་བརྒྱབ་ཡོད། ཤིང་མཛུབ་མོའི་སྦོམ་ཐུང་ཙམ་ལ་སྦྱར་ག་སྤྲད་ནས་ཐིའུ་གཏོང་བཞིན་ཡོད།

ཧྥེན་ལའེ་ཧྲེང་གིས། ཀུ་ཤུའི་སྡོང་པོ་དེ་ན་ནིང་བཏབ་པ་ཡིན། ད་ལྟ་ཐིའུ་བཏང་མ་ཐག་རེད། ལོ་གསུམ་གྱི་རྗེས་སུ་ཀུ་ཤུ་སྐྱེ་ཐུབ་རྒྱུ་རེད། སྐབས་དེ་དུས་ཁྱེད་རྣམས་ངའི་ཁྱིམ་དུ་ཀུ་ཤུ་མཆོད་པར་ཕེབས་རོགས་ཞེས་གསུངས་ཡོད།

རྒྱང་རིང་དུ་བཟོ་བཞིན་པའི་གཞུང་ལམ་དེར་རྒྱང་བལྟ་གནང་ཞོར་དུ་ཀྲང་ཏོན་ཧྲུའུ་ཡིས་གསར་འགོད་པར། དེའི་སྔོན་གྱི་ལས་འགན་ནི་དབུལ་སྒྲོལ་བྱ་རྒྱུ་དེ་རེད། སླད་ཕྱིན་ཡིན་ན་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་དེ་རེད། ཁོང་གི་དམིགས་ཡུལ་མང་པོ་ཞིག་ད་དུང་མངོན་འགྱུར་ཐུབ་མེད་ཅེས་གསུངས་ཡོད།

ཀྲང་ཏོན་ཧྲུའུ་ཡིས། ལོ་གཉིས་ཀྱི་དུས་ཚོད་ལ་སླེབས་དུས། ས་ཆ་འདིར་ངའི་དམིགས་འབེན་ད་དུང་མངོན་འགྱུར་བྱུང་མེད། དམིགས་འབེན་མངོན་འགྱུར་མ་ཐུབ་བར་ངས་ས་ཆ་འདི་ནས་ཁ་བྲལ་གྱི་མིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས། རིན་དབང་། བསྟན་འཛིན་འཇམ་དཔལ།