མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>དམིགས་བསལ་བཅར་འདྲི།
༄༅།།མེ་ཏོག་རྫོང་གི་འབྲས་སྤུངས་གྲོང་ཚོར་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2016-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འབྲས་སྤུངས་གྲོང་ཚོའི་གནས་སྐབས་སྡོད་ཁང་།

སྤྱི་ཟླ་༥པའི་ཚེས་༡༥ཉིན། ང་ཚོ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་བཞི་མེ་ཏོག་རྫོང་ནས་ལམ་ལ་ཆས་ཏེ་རྫོང་དང་བར་ཐག་སྤྱི་ལེ་༢༠ཙམ་ཡོད་པའི་འབྲས་སྤུངས་གྲོང་ཚོར་སོང་བ་ཡིན།

ཞིང་ནང་གི་ལོ་ཏོག

འབྲས་སྤུངས་ཞེས་པ་མོན་པའི་སྐད་དུ་པེ་དཔུང་ཞེས་སྒྲ་འབྱིན་པ་དང་། ངས་རྒྱ་རིགས་ལས་རོགས་ཚོར་མ་གཞི་གྲོང་ཚོ་འདིའི་མིང་ནི་བོད་ཀྱི་དགོན་ཆེན་འབྲས་སྤུངས་དང་མཚུངས་ཞེས་བཤད་པ་ཡིན། ཡུལ་འདིས་གཙོ་བོ་ཞིང་ལས་གཉེར་གྱི་ཡོད་པ་དང་། མ་རྨོས་ལོ་ཏོག་དང་ཆུ་འབྲས་སོགས་འདེབས་འཛུགས་བྱེད་བཞིན་འདུག

ཁང་པ་གསར་པ།

ད་ལྟ་ཁོ་ཚོའི་སྡོད་ཁང་རྙིང་བ་བཤིག་ཟིན་པ་དང་། ཤུལ་དུ་ཁང་པ་གསར་པ་འཛུགས་སྐྲུན་བྱེད་བཞིན་འདུག གནས་སྐབས་སུ་ཁང་རྙིང་གི་རྒྱུ་ཆས་བཟོས་པའི་ཁང་བ་ཞིག་ཏུ་བསྡད་ཡོད་པ་དང་། ཁང་གསར་འཛུགས་སྐྲུན་ཐད་ལ་ཁོ་ཚོ་རང་གིས་སྒོར་མོ་ཁྲི་ཁ་ཤས་བཏང་བ་དང་སྲིད་གཞུང་གིས་རོགས་སྐྱོར་ཅུང་ཟད་གནང་བ་ཡིན་འདུག

མ་ཎི་ཁང་པའི་ནང་།

ང་ཚོ་འབྲས་སྤུངས་གྲོང་ཚོར་འགྲོ་བའི་ཉིན་དེར་གྲོང་ཚོའི་མ་ཎིའི་ཁང་པ་རུ་ས་ག་ཟླ་བ་ལ་ཆོས་ལུགས་ཀྱི་ཆོ་ག་སྤེལ་གྱིན་འདུག ཡུལ་འདིའི་གྲུབ་མཐའ་ནི་རྙིང་མ་བར་གཏོགས་པས། སྔགས་པས་རྔ་སྦུག་རྡུང་བ་དང་ཆོས་འདོན་བཞིན་འདུག ལོ་རེ་བཞིན་སྤེལ་གྱིན་ཡོད་པ་དང་ལོ་རེའི་འདིའི་སྐབས་ལ་གྲོང་ཚོ་ཡོངས་ཀྱི་མི་རྣམས་ལ་རླུང་རྟ་དར་བ་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་ལམ་རྒྱག་བཞིན་ཡོད་པ་རེད།

གྲོང་ཚོའི་མཐའ་འཁོར་དུ་འབྲས་ཞིང་གིས་ཁེངས་འདུག ངས་ཞལ་ཟས་མཆོད་ཀྱིན་པའི་རྒན་པོ་ཞིག་ལ་ཁྱེད་རང་ཚོས་ཟ་བཞིན་པའི་འབྲས་དེ་རང་གིས་བཏབ་པའི་འབྲས་ཡིན་མིན་སྐད་ཆ་དྲིས་པ་ཡིན། ཁོ་ཚོས་ཟ་བཞིན་པའི་འབྲས་ནི་གྲོང་ཁྱེར་ནས་ཉོས་ཡོང་བ་ཡིན་ཟེར།

ཡུལ་འདིར་བྱ་དེ་མང་པོ་འདུག ཁྱིམ་ཚང་སོ་སོར་བྱ་དེ་མང་པོ་ཡོད་པ་འདྲ། སྲང་ལམ་བརྒྱུད་ནས་འགྲོ་སྐབས་དང་ཞིང་ཁ། ལམ་འགྲམ། ཁང་བའི་ཞབས་བཅས་སུ་བྱ་དེ་མང་པོ་མཐོང་ཐུབ། འདི་དག་ནི་ཡུལ་འདིའི་ཁྱད་ཆོས་ལྡན་པའི་རྡོ་ཁོག་བྱ་ཤའི་ཐོན་ཁུངས་གཙོ་བོ་ཡིན་ངེས།

གསར་འགོད་པ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号