མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>དམིགས་བསལ་བཅར་འདྲི།
༄༅།།སྤོ་བོ་སྦ་ཁ་གྲོང་ཚོའི་རིན་ཆེན་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སྒྲོལ་མ།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྒྲོལ་མ་ང་ཚོ་བསུ་རུ་ཕེབས་པ།

སྤྱི་ཚེས་༡༨ཉིན་གྱི་ཉིན་གུང་མཚམས་ལ། ང་ཚོ་བཅར་འདྲི་ཚོགས་པ་ནི་སྤོ་བོ་རྫོང་ཆགས་སའི་ཁྲབ་རྨོག་གྲོང་རྡལ་ནས་སྦ་ཁ་གྲོང་ཚོར་ཆས་ཏེ། དེ་གའི་རིན་ཆེན་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སྒྲོལ་མ་ལ་བཅར་འདྲི་བྱས་པ་ཡིན།

ཉལ་ཁང་ནང་རོལ།

སྒྲོལ་མ་ཡིས་དང་ཐོག་མགྲོན་ཁང་འཛུགས་པའི་སྐབས་ལ་ཉལ་ཁྲི་༥མ་གཏོགས་མེད་ཅིང་། ད་ལྟ་ཉལ་ཁྲི་༡༡༠ཡོད། ཉལ་ཁང་གི་གོང་ཚད་ཐད་ལ་ཡང་རབ་འབྲིང་མཐའ་གསུམ་དབྱེ་ཡོད་པ་དང་། སྤྱི་ལོ་༢༠༠༨ལོར་མགྲོན་ཁང་བཙུགས་པ་ནས་བཟུང་ལོ་རེའི་ཡོང་འབབ་ལས་གསར་སྐྲུན་ལ་མ་རྩ་མི་ཉུང་བཏང་བ་དང་། དེ་ལྟར་ལོ་རེ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ་ད་ལྟའི་རྣམ་པ་འདི་ཆགས་པ་རེད་ཟེར།

ཟ་ཁང་།

སྒྲོལ་མས་རིན་ཆེན་མགྲོན་ཁང་གི་འཕེལ་རྒྱས་ལ་རྫོང་ཡུལ་སྐོར་ཅུས་ནས་རོགས་སྐྱོར་ཐོབ་བྱུང་། ཡུལ་འདི་ནི་རྒྱལ་ཁབ་ལམ་ཐིག་༣༡༨དང་ཐག་ཉེ་བ་དང་ ཕྱིའི་ཡུལ་ལྗོངས་ཀྱང་ཤིན་ཏུ་མཛེས་བས་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་སོང་ཞེས་ཟེར།

བཅར་འདྲི་བྱེད་བཞིན་པ།

ད་ལྟ་གྲོང་ཚོའི་ནང་ཁྱིམ་ཚང་མགྲོན་ཁང་དྲུག་ཡོད་པ་རེད། ངའི་མགྲོན་ཁང་གི་ཞབས་ཞུ་མར་སྡེ་བའི་ནང་གི་སློབ་གྲྭར་སོང་མེད་པའི་ན་གཞོན་བུ་མོ་༨དང་རྒྱ་རིགས་༢ཡོད། རྒྱ་རིགས་དེ་གཉིས་ལས་གཅིག་ནི་ཇ་མ་དང་གཞན་ཞིག་ནི་སྔོ་ཚལ་འདེབས་མཁན་ཡིན། འདི་གའི་བཟའ་བཏུང་གི་ཐོན་ཁུངས་ནི་རང་ས་ནས་ཐོན་པ་ཤ་སྟག་ཡིན་ཞིང་། སྣུམ་དང་སྔོ་ཚལ་སོགས་ནི་རང་གིས་འདེབས་འཛུགས་བྱས་པའི་འབྲས་བུ་ཡིན་ཞེས་སྒྲོལ་མས་འཛུམ་དང་བཅས་བཤད་བྱུང་།

བཅར་འདྲི་བྱེད་བཞིན་པ།

ཁོ་མོ་ད་ལོ་ལོ་༢༨ཡིན་པ་དང་༢༠༡༡ལོ་ནས་མགྲོན་ཁང་བདག་དམ་བྱས་པ་ཡིན་པ་རེད།། སྒྲོལ་མ་ཡིས་ལོ་རེར་ཡུལ་སྐོར་བ་ཧ་ཅང་མང་པོ་གནས་འདིར་ཡོང་བ་དང་། མང་ཆེ་བས་མ་ཡོང་གོང་ལ་དྲ་ལམ་བརྒྱུད་ནས་མགྲོན་ཁང་གླ་བ་རེད། ཡུལ་སྐོར་བ་དེ་འདྲ་མང་པོ་མགྲོན་ཁང་འདིར་ཕེབས་པ་ལ་ཕྱིའི་མཛེས་ལྗོངས་ནི་མགྲོན་འགུག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞེས་དང་། ཁོང་དང་གཞན་གྲོང་ཚོའི་ནང་གི་ན་གཞོན་ཞབས་ཞུ་མ་ཚོར་མགྲོན་ཁང་བདག་དམ་སྐོར་ནས་ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་མྱོང་མེད་ནའང་། དུས་ནམ་ཡང་ལྷག་བསམ་རྣམ་དག་གིས་རང་མི་རིགས་ཀྱི་ལེགས་པའི་ཆ་རྣམས་མགྲོན་པོ་ཚོར་ཕུལ་གྱི་ཡོད་ཅེས་ཟེར།

ཕྱིའི་མཛེས་ལྗོངས།

སྒྲོལ་མས་རིན་ཆེན་ཁྱིམ་ཚང་མགྲོན་ཁང་གི་གཞན་ལས་ལྷག་པའི་ཁྱད་ཆོས་གཙོ་བོ་ནི་མི་དང་ཁོར་ཡུག་གཉིས་ཡིན་ཟེར།

གོང་རིམ་གྱིས་གནང་བའི་མཚན་བཟང་།

སྒྲོལ་མས་ཡུལ་སྐོར་མགྲོན་པོའི་ཁྲོད་དུ་ཀྲི་ཧྥུ་པའོ་དང་སྐད་འཕྲིན་སྤྱད་ནས་དངུལ་སྤྲོད་མཁན་མང་པོ་འདུག་པ་དང་། དྲ་རྒྱ་འདི་འདྲ་དར་བ་ལ་དྲ་རྒྱ་བཀོལ་སྤྱོད་ཡག་པོ་བྱེད་དགོས་ཞེས་ཟེར།

མགྲོན་པོ་དང་ལྷན་དུ་བསྐྱོན་པའི་འདྲ་པར།

འཛམ་གླིང་གི་དུས་དེབ་གྲགས་ཆེན་ Lonely Planetསྟེང་དུ་ཁོ་ཚོའི་མགྲོན་ཁང་གི་གནས་ཚུལ་བཀོད་པས། དེའི་རྗེས་སུ་ཆེད་དུ་དུས་དེབ་དེ་བཟུང་ནས་བཙལ་དུ་ཡོང་མཁན་ཡང་མང་པོ་འདུག དེའི་རྒྱུ་མཚན་ནི་དུས་དེབ་དེའི་རྩོམ་སྒྲིག་པ་ཡང་སྔོན་ཆད་རིན་ཆེན་མགྲོན་ཁང་ནས་ཉིན་ཤས་བསྡད་པ་རེད་ཟེར།

སྔོ་ཚལ་དང་འདྲ་པར་སྣ་ཚོགས།

སྒྲོལ་མས་མགྲོན་ཁང་ལ་མིང་གྲགས་འདི་འདྲ་རྒྱས་པ་ནི། གཙོ་བོ་མགྲོན་པོ་ཚོས་ཁྱབ་བསྒྲགས་བྱས་པ་རེད། ས་ཕྱོགས་མི་འདྲ་བ་ནས་ཡོང་བའི་མགྲོན་པོ་ཚོ་དང་འབྲེལ་འདྲིས་བྱས་པ་བརྒྱུད། ང་ཚོར་བསམ་བློ་གསར་པ་དང་བཅོས་བསྒྱུར་གྱི་ཐབས་ལམ་གསར་པ། མི་འདང་བའི་ཆ་དང་འཕེལ་རྒྱས་སུ་གཏོང་ཕྱོགས་སོགས་ཀྱི་ཐད་ལ་རོགས་རམ་མང་པོ་ཐོབ་པས། མགྲོན་པོ་ཁོང་རྣམས་བཀའ་དྲིན་ཅན་ཡིན་ཟེར།

ཞབས་ཞུ་བའི་སྒྲིག་ཡིག

ཕ་མ་གཉིས་ཀྱིས་ཀྱང་འདི་རུ་ལས་ཀ་གནང་བཞིན་ཡོད། ན་ནིང་གི་ཁེ་སྤོགས་གཙང་མ་དམངས་སྒོར་ཁྲི་༦༠ཙམ་འདུག དེའི་རྒྱུ་རྐྱེན་ནི་ཕ་གའི་ཟམ་པ་ཞིག་གསོ་བྱེད་བཞིན་པས་མགྲོན་པོ་ཚུར་ཕེབས་པར་བར་ཆད་ཅུང་བཟོས་སོང་། ངའི་རེ་བར་ད་ལོ་ཞབས་ཞུ་བའི་གླ་ཆ་ཕུད་པའི་ཁེ་སྤོགས་གཙང་མ་དམངས་སྒོར་ཁྲི་༡༢༠ཙན་ལོན་ཐུབ་ན་བསམས་ཡོད། ཞབས་ཞུ་མ་དེ་ཚོ་ལས་ཟླ་ཕོགས་ཆེས་དམའ་མོར་ཟླ་བ་རེར་དམངས་སྒོར་༣༠༠༠ཡིན། རྙིང་པ་ཁ་ཤས་ལ་༣༢༠༠ཡིན། ཇ་མའི་ཟླ་ཕོགས་ལ་ཟླ་རེར་དམངས་སྒོར་༧༠༠༠དང་། སྔོ་ཚལ་འདེབས་མཁན་གྱི་ལོ་ཕོགས་ནི་སྒོར་མོ་ཁྲི་༧ཡིན་ཟེར།

རིན་ཆེན་མགྲོན་ཁང་གི་མགྲོན་པོ་སྣེ་ལེན་བྱེད་ས།

རྫོང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་མི་སྣས། སྤོ་བོ་རྫོང་གི་ཁྱིམ་ཚང་མགྲོན་ཁང་གི་གྲངས་ཚད་མང་པ་མ་ཟད། སྤུས་ཀ་ཡང་ཤིན་ཏུ་ཡག་པོ་ཡོད། རྒྱལ་ཁབ་གཞུང་ལམ་༣༡༨ལམ་ཐིག་གི་མཛེས་ལྗོངས་ཁུལ་གྱི་རྒུ་ཤང་དང་ཁྲབ་རྨོག་གྲོང་རྡལ་གྱི་ཁྱིམ་ཚང་མགྲོན་ཁང་གི་ཆ་སྙོམས་སྣེ་ལེན་ཆུ་ཚད་དང་གཞི་ཁྱོན་ནི་ཁྱིམ་ཚང་གསོལ་མགྲོན་ཁང་གི་ཚད་གཞིར་བསླེབས་ཡོད། སྦ་ཁ་གྲོང་ཚོའི་རིན་ཆེན་ཁྱིམ་ཚང་མགྲོན་ཁང་ནི་མིག་སྔར་རྫོང་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་ཁྱིམ་ཚང་མགྲོན་ཁང་ཡིན་ཞིང་། ད་ལྟ་ཁང་མིག་༤༡དང་ཉལ་ཁྲི་༡༢༦ཡོད་པ་དང་། ཞབས་ཞུའི་ཆུ་ཚད་དང་འཕེལ་རྒྱས་ཁ་ཕྱོགས་སོགས་ལ་ཡུལ་སྐོར་བས་དགའ་མོས་བྱེད་ཀྱི་འདུག་ཅེས་གསུངས་བྱུང་།

གསར་འགོད་པ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号