མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>གཡུ་ལོས་བཀོད་པའི་ཞིང་ཁམས།
༄༅།།ཉིང་ཁྲིའི་རྫ་ཡུལ་རྫོང་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཕུལ་བྱུང་རིམ་པའི་རྫོང་༡༢ཀྱི་གྲས་སུ་གྱུར་ཡོད།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་བའི་ལོའི་རིང་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་རྫོང་གཏོད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་གསར་གཏོད་ལས་ཀ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཏན་ཏིག་བྱས་པས། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤང་གྲོང་རྡལ ༥ དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་གྲོང་ཚོ ༦༦ ཐོན་ཡོད་པས། རྫ་ཡུལ་རྫོང་དེ་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཕུལ་བྱུང་རིམ་པའི་རྫོང་ ༡༢ ཀྱི་གྲས་སུ་གྱུར་ཡོད་པ་རེད།

སྤྱི་ལོ ༢༠༡༡ ལོའི་ཚུན་དུ་རྫ་ཡུལ་རྫོང་གིས་ཐོན་ལས་གསུམ་པའི་གཉེར་སྐྱོང་དུད་ཚང་ཆུང་གྲས་ཀྱི་འབག་བཙོག་ཕྱིར་བཤངས་ཀྱི་གྲོན་དངུལ་བསྡུ་བའི་ལས་དོན་རྒྱུན་མཐུད་སྤེལ་བ་མ་ཟད། ཉིང་ཁྲིའི་རྫ་ཡུལ་རྫོང་དེ་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཕུལ་བྱུང་རིམ་པའི་རྫོང་ ༡༢ ཀྱི་གྲས་སུ་གྱུར་ཡོད། བཙོག་ཕྱིར་བཤངས་ཀྱི་གྲོན་དངུལ་བསྡུ་བར་བརྟེན་ནས་འབག་བཙོག་ཚོད་འཛིན་གྱིས་རྫ་ཡུལ་རྫོང་གི་མཛེས་བསྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པ་དང་ཆབས་ཅིག རྫོང་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་ལྟ་ཞིབ་རུ་ཆེན་དང་ལྟ་སྐུལ་ཚད་ལེན་ས་ཚིགས་ཚན་པ་གཉིས་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱབ་པ་རེད།

གཞན་ཡང་། རྫ་ཡུལ་རྫོང་གིས་ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས། གྲོང་ཁྱེར༼གྲོང་རྡལ༽གྱི་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་དམིགས་འཛུགས་ས་ཚིགས་སུ་རིགས་དབྱེ་བྱས་ནས་འཇོག་པ་དང་། ཆུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང༌། ཐོན་ཁུངས་བསྐྱར་བསྡུ་བེད་སྤྱོད་བཅས་བྱས་ནས། འབྱུང་འཕྲོད་འཛད་སྤྱོད་བྱེད་ཚུལ་ཁྱབ་གདལ་ཧུར་ཐག་བཏང་བ་དང་སྤྱོད་ཐེངས་གཅིག་གི་འགྱིག་སྣོད་སོགས་འགྱིག་ཤོག་གི་བཙོག་སྐྱོན་གཏན་འགོག་བྱེད་པའི་བྱ་སྤྱོད་སྤེལ་བ་རེད། དེ་དང་དུས་མཚུངས་དུས་བཀག་ལྟར་ལོ་འཁོར་མོའི་དུས་ཚིགས་བཞིའི་ཁོར་ཡུག་ལྟ་སྐུལ་ཚད་ལེན་ལས་དོན་ལེགས་སྒྲུབ་བྱས་ནས། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོ་དང་ཉེན་ཁ་ཡོད་པའི་ཟོག་རོར་ལྟ་སྐུལ་ཚད་ལེན་དང་ཞིབ་བཤེར་བྱས་པ། གློ་བུར་རང་བཞིན་གྱི་འབག་བཙོག་དོན་རྐྱེན་གྱི་བབ་བསྟུན་ལྟ་སྐུལ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། འབག་བཙོག་གི་མི་མངོན་པའི་རྐྱེན་རྩ་སེལ་བ་དང་འབག་བཙོག་གི་ཁྱབ་ཁོངས་དང་འབག་བཙོག་ཐེབས་ཚད་གཏན་འཁེལ་བྱེད་རྒྱུར་གནད་འཁེལ་ནུས་ལྡན་གྱི་ལྟ་སྐུལ་ཚད་ལེན་གྲངས་གཞི་མཁོ་འདོན་བྱས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་རྫ་ཡུལ་རྫོང་གིས་མགོ་ཡུལ་ཤང་དང་མགོ་ལ་ཤང༌། རྫ་ཡུལ་རོང་སྨད་གྲོང་རྡལ། ཚ་བ་རོང་ཤང་བཅས་ལ་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་གྱི་སྒྲིག་བཀོད་སྐྲུན་རྩིས་ཡོད་པ་རེད།།

རྩོམ་ཁུངས། བོད་ལྗོངས་འཕྲིན་དྲ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号