མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>གཡུ་ལོས་བཀོད་པའི་ཞིང་ཁམས།
༄༅།།མ་བཅོས་ལྷུན་གྱིས་གྲུབ་པའི་མེ་ཏོག་རྫོང་གི་རང་བྱུང་ངོ་མཚར།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ང་ཚོ་གསར་འགོད་པའི་ཚོགས་པ་སྤོ་བོ་རྫོང་ནས་མེ་ཏོག་རྫོང་གི་ཕྱོགས་སུ་བསྐྱོད་པ་ཡིན། མེ་ཏོག་རྫོང་ཞེས་གླེང་མ་ཐག་སྐྱེ་བོ་མང་པོ་ཞིག་གི་བློ་ངོར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་དང་། གནམ་ལྕགས་ཕུར་བ། དེ་བཞིན་དྲོད་གྲང་སྙོམས་པའི་ཚ་ཁུལ་གྱི་གནམ་གཤིས་ལ་སོགས་འཆར་སྲིད་ལ། མེ་ཏོག་གི་ལྐོག་གྱུར་ངོ་མཚར་དེ་མྱོང་རོལ་བྱེད་པའི་བློ་ཁ་ཡང་སྐྱེ་སྲིད། སྤྱི་ལོ་༢༠༡༣ལོར་དགའ་ལུང་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དེས་ཕྱི་ཕྱོགས་དང་མེ་ཏོག་རྫོང་གི་ལས་དབང་གཅིག་ཏུ་སྦྲེལ་ཡོད་ལ། དགའ་ལུང་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་རྫོང་གི་མི་རྣམས་མི་རབས་ནས་མི་རབས་བར་ངལ་བ་གདོང་གིས་བསུས་ཏེ་རྐང་ཐང་མར་ལ་ཀླུང་ཉིན་བཞི་བརྒལ་བའི་ལོ་རྒྱུས་མཇུག་སྒྲིལ་བ་མཚོན་གྱི་ཡོད།

ཕུག་ལམ་རིང་ཚད་ལ་སྤྱི་ལེ་གསུམ་ལྷག་ཙམ་ཡོད་པའི་དགའ་ལུང་ལའི་ཕུག་ལམ།

དགའ་ལུང་ལ་སྒྲོལ་ཟིན་རྗེས་མེ་ཏོག་རྫོང་ཁོངས་སུ་སླེབས་ཤིང་། གང་དེའི་ཚ་ཁུལ་གྱི་གནམ་གཤིས་ཁྱད་ཆོས་དང་རང་བྱུང་བཀོད་པའི་ཉམས་སྣང་དག་གིས་ཐུན་མིན་གྱི་མཛེས་ལྗོངས་ཤིག་གྲུབ་འདུག གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བཏུམས་པའི་རི་ལམ་ཀྱག་ཀྱོག་དེའི་སྟེང་གཡང་གཟར་གྲོག་རོང་མང་ལ་ཐུར་དུ་བལྟས་ཚེ་རྦ་རླབས་དགུང་དུ་འཕྱུར་བའི་ཡར་ཀླུང་གཙང་པོ་མདུན་ཕྱོགས་སུ་དྲག་ཏུ་རྒྱུག་བཞིན་འདུག

ཡར་ཀླུང་གཙང་པོའི་གྲོག་རོང་།

སྤོ་བོ་རྫོང་ནས་དུས་ཡུན་ཆུ་ཚོད་ལྔ་ཙམ་བསྐྱོད་རྗེས་ཕྱོགས་བཞི་རི་བོས་བསྐོར་བའི་ཐང་གཤོང་ཞིག་ཏུ་མེ་ཏོག་རྫོང་གྲོང་གནས་པ་མིག་ལམ་དུ་མཐོང་བྱུང་། མ་གཞི་གཞུང་ལམ་ཤར་གཏོང་ཐུབ་མཇུག་ཤོས་ཀྱི་རྫོང་ཞིག་ཡིན་ནའང་དེ་གར་གྲལ་བསྟར་སྒྲིག་པའི་བ་གམ་ཅན་གྱི་ཐོག་བརྩེགས་ཁང་ཆེན་དང་། དེང་རབས་ཅན་གྱི་སྒྲིག་བཀོད་ཅི་རིགས་མཐོང་རྒྱུ་འདུག་ལ་རྫོང་གྲོང་ཁྱོན་ཡོངས་ཀྱི་འཆར་འགོད་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལ་སོགས་ཕྱོགས་གང་ཅིའི་ཐད་རྗེས་ལུས་ཀྱི་རྣམ་པ་གཏན་ནས་མངོན་རྒྱུ་མེད་པ་དེ་སྐྱེ་བོ་མང་པོའི་བློ་ཡུལ་ལས་འདས་ཡོད་ཤས་ཆེ།

མེ་ཏོག་རྫོང་གྲོང་གི་ཟུར་ཞིག

མེ་ཏོག་རྫོང་ནི་མཚོ་བོད་ས་མཐོའི་མཐོ་ཚད་རྒྱ་མཚོའི་ངོས་ལས་དམའ་ཤོས་ཀྱི་ས་ཆ་ཞིག་ཡིན་པ་དང་། དེར་སྐྱེ་ཁམས་ཁོར་ཡུག་ཤིན་ཏུ་ལེགས་པ། རྩྭ་རྩི་ཤིང་ཕུན་སུམ་ཚོགས་པ། དུས་བཞི་གནམ་གཤིས་དྲོ་གྲང་སྙོམས་པ། གནའ་བོའི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཁར་དགའ་ལུང་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་རྫོང་གི་མི་རྣམས་གོང་རིམ་གྱི་ཡང་དག་པའི་དབུ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཐུབ་ཆེད་འབད་བརྩོན་ཆེན་པོས་ལས་ལ་བྲེལ་བཞིན་འདུག

གསར་འགོད་པ། མིག་དམར་རྒྱ་མཚོ་དང་བསྟན་འཛིན་དབང་ཕྱུག

པར་བ། སྒྲོལ་ཚེ།

 

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号