མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>འབྱོར་འབྲིང་གི་ལམ་ཁ་ཡངས་པོ།
༄༅།།ཉིང་ཁྲི་བྲག་ཡིབ་གྲོང་རྡལ་གྱི་ཁྱད་ཆོས་ལྡན་པའི་བོད་ཕག་གསོ་ཁང་།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༥པའི་ཚེས་༡༢ཉིན་གྱི་ཕྱི་དྲོའི་དུས་ལ། ང་ཚོ་བཅར་འདྲི་ཚོགས་པ་ནི་རྫོང་ཡུལ་སྐོར་ཅུས་དང་བྲག་ཡིབ་གྲོང་རྡལ་གྱི་འབྲེལ་ཡོད་མི་སྣའི་སྣེ་ཁྲིད་འོག་བྲག་ཡིབ་གྲོང་རྡལ་གྱི་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

ལས་མིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

བྲག་ཡིབ་ཆུས་གྱིས་ཐབས་ལམ་མང་པོ་སྤྱད་ནས་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ཏེ། བོད་ཕག་དང་བོད་བྱ། མཛོ་མོ་གསོ་ར་སོགས་སྒྲིག་གཞི་ཅན་དང་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་ཡོད་པ་རེད། ད་ལོ་བོད་ལྗོངས་ཉིང་ཁྲིའི་ཡུས་ཀོ་སྐྱེ་ཁམས་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཚད་གཞི་ཅན་གྱི་རྣམ་པའི་གསོ་སྤེལ་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེས་གསོ་སྤེལ་ཁང་གཞན་པར་ལམ་སྟོན་མཛད་དེ་ཐུན་མོང་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ནས། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་ཡིན་པ་རེད།

བོད་ཕག་ལ་གཟན་གཏོར་བཞིན་པ།

སྤྱི་ལོ་༢༠༡༥ལོར་བོད་ཕག་གསོ་སྤེལ་ལས་གཞིའི་མ་དངུལ་ཁྲི་༢༢༥བརྩོན་ལེན་བྱས་ཡོད་པ་དང་། བྲག་ཡིབ་གྲོང་རྡལ་གྱི་ཉི་ཞིབ་གྲོང་ཚོ་དང་ལེའུ་སྨད་གྲོང་ཚོར་ཁྱོན་བསྡོམས་གསོ་སྤེལ་ཁྱིམ་ཚང་༡༠༠ལ་རོགས་སྐྱོར་བྱས་ཟིན་པ་དང་། ཁྱིམ་ཚང་རེར་ཕག་ཚང་རྨིད་གྲུ་བཞི་མ་༧༥བསྐྲུན་ཡོད་འདུག སྤྱི་ལོ་༢༠༡༦ལོར་བྲག་ཡིབ་གྲོང་རྡལ་ཉི་ཞིབ་གྲོང་ཚོ་དང་ལེའུ་སྨད་གྲོང་ཚོ་གཉིས་ཀའི་བོད་ཕག་གསོ་སྤེལ་རྟེན་གཞི་རུ་བོད་ཕག་༢༠༠༠ཁ་སྣོན་བྱ་རྩིས་ཡོད་པ་རེད།

གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

ང་ཚོས་གྲོང་ཚོའི་ཀྲུའུ་རིན་ཐུབ་བསྟན་ལགས་ལ་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་རྒྱུར། ཐུབ་བསྟན་དང་གྲོང་ཚོའི་ཁྱིམ་དུད་མང་པོས་མཉམ་དུ་མཉམ་ལས་ཁང་གཅིག་བཙུགས་ཡོད་པ་དང་། འཛུགས་དུས་ནི་༢༠༠༣ལོ་ཡིན་པ་རེད། ཐོག་མའི་ལོ་ཁ་ཤས་རིང་ཡོང་འབབ་མི་བཟང་ནའང་རིམ་གྱིས་ཡར་རྒྱས་སུ་ཕྱིན་ཏེ། ད་ལྟའི་ཕག་གསོ་ཁང་གི་རྒྱ་ཁྱོན་ས་མུའུ་བཅུ་དགུ་ལས་ཅུང་ཆེ་བ་དང་བོད་ཕག་གི་ཁ་གྲངས་༢༠༠ལ་ཉེ་བ་ཙམ་ཡོད་པ་རེད། ཁོ་ཚོའི་བོད་ཕག་ནི་དུས་ཚོད་ངེས་གཏན་ནང་ཟོག་ལུག་དང་འདྲ་བར་ཕྱི་རོལ་རྩྭ་ཆུ་འཛོམས་པའི་སར་འཚོ་སྐྱོང་བྱེད་བཞིན་ཡོད་པ་དང་། གཞན་བོད་ཕག་གསོ་སྐྱོང་ཐད་ཀྱི་ཐབས་ཤེས་མང་པོ་ཡོད་པས། ཉེ་བའི་ལོ་ནང་མཉམ་ལས་ཁང་ནང་ཞུགས་མཁན་གྱི་མང་ཚོགས་ཇེ་མང་དུ་སོང་ཡོད་པ་མ་ཟད། མ་འཇོག་སྒོར་མོ་ཡང་ཇེ་མང་དུ་ཕྱིན་ཡོད་པ་རེད། ལོ་སྔོན་མ་ནས་བོད་ཕག་རེའི་ཆ་སྙོམས་རིན་གོང་ནི་དམངས་སྒོར་༢༠༠༠ཙམ་ཡིན་པ་དང་། ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号